ཟླ་བ་ ༡༡ ཚེས ༧ ༢༠༡༧
Published By ngawang thokmey

ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༧ རེས་གཟའ་མིག་དམར།


༄༅། །འདི་གར་བལ་ཡུལ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། དཔལ་ལྡན་བཀའ་དྲུང་ཡིག་ཚང་ནས་ལས་བྱེད་གནས་སྤོས་བཀོད་སྒྲིག་དགོངས་དོན་བལ་ཡུལ་ཤ་ཝ་ར་གསུམ་ས་གནས་འགོ་འཛིན་དྲུང་གཞོན་ཀརྨ་རྒྱལ་མཚན་ལགས་བལ་ཡུལ་འཇོ་ཁེལ་བསམ་གྲུབ་གླིང་ས་གནས་འགོ་འཛིན་དུ་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༨ ནས་གནས་སྤོས་བསྐོ་གཞག་གནང་སྟབས། བལ་ཡུལ་དོན་གཅོད་ཁང་དང་ཤ་ཝ་ར་ས་གནས་འགོ་འཛིན། རྒྱལ་འཕགས་ཚེ་གསུམ་ས་གནས་འགོ་འཛིན་དང་ལས་བྱེད་ཐུན་མོང་ནས་ཀརྨ་རྒྱལ་མཚན་ལགས་ལ་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༥ རེས་གཟའ་ཉི་མའི་ཉིན་ཕེབས་སྐྱེལ་གྱི་དགའ་སྟོན་མཛད་སྒོ་ཞིག་གོ་སྒྲིག་ཞུས་ཡོད།


དེ་ཡང་གོང་ཚེས་ཉིན་ཕེབས་སྐྱེལ་གྱི་དགའ་སྟོན་མཛད་སྒོའི་ཐོག་བལ་ཡུལ་དོན་གཅོད་དང་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས། གཞན་ཡང་དོན་གཅོད་ཁང་དང་ས་གནས་འགོ་འཛིན་ལས་ཁུངས་ཀྱི་ལས་བྱེད་མཉམ་འཛོམས་ཐོག་ཀརྨ་རྒྱལ་མཚན་ལགས་ལ་དྲན་རྟེན་ཕྱག་རྟགས་ཕུལ་རྗེས་དྲུང་གཞོན་ཀརྨ་རྒྱལ་མཚན་ལགས་ཀྱིས་འདས་པའི་ལོ་ལྔ་ལྷག་ཙམ་རིང་ས་གནས་འགོ་འཛིན་གནང་ཡུན་གྱི་མཉམ་མྱོང་སྐོར་གསུང་བཤད་གནང་གྲུབ་མཚམས་དོན་གཅོད་ཀྱིས་ལས་བྱེད་ཡོངས་ལ་ལེགས་སྤེལ་ཉེན་འགོག་གི་ལམ་སྟོན་གནང་སྒྲུབ་བསྟུན་རྟེན་འབྲེལ་གསོལ་ཇ་དང་ཞལ་ཏོག་འདེགས་འབུལ་ཞུས། དེ་ནས་ལས་བྱེད་ཡོངས་ནས་ཀརྨ་རྒྱལ་མཚན་ལགས་ལ་དཀར་གཙང་མཇལ་དར་གཡོག་པ་དང་ཆབས་ཅིག་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་ཏེ་མཛད་སྒོ་ལེགས་གྲུབ་བྱུང་ཡོད་པ་བཅས།།

Share with your friends










Submit