ཟླ་བ་ ༡༡ ཚེས ༢༡ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༡ ཚེས་ ༢༡ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༠།༢༡ བཅས་ཉིན་གཉིས་རིང་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་གྲོང་ཁྱེར་ནས་རྒྱང་ཐག་ཆུ་ཚོད་བཞི་ཙམ་གྱི་སར་ཨནྡྲ་པྲ་དེ་ཤི་མངའ་སྡེའི་ Andhra Pradesh ནང་པྲ་ཤཱནྟི་ནི་ལམ་ཡམ་ Prashanthi Nilamyam ཞེས་པའི་ས་གནས་སུ་རྒྱལ་སྤྱིའི་ཆོས་ལུགས་རིས་མེད་ཀྱི་མཐུན་སྒྲིལ་ཚོགས་ཆེན་ནང་བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་མཉམ་ཞུགས་གནང་འདུག  ལྷན་ཚོགས་གོ་སྒྲིག་གནང་མཁན་ཤྲི་སཏྱ་སའི་སེ་ཝ་  Sri Sathya Sai Seva organization ཡིན་ཞིང་།

ལྷན་ཚོགས་ཀྱི་བརྗོད་གཞི་གཙོ་བོ་འཛམ་བུ་གླིང་འདི་ཁྱིམ་ཚང་གཅིག་ཡིན། ‘Vasudhaiva Kutumbakam’ ཞེས་པ་ཡིན་འདུག  དེ་ཡང་མཛད་རིམ་གྱི་ཐོག་མར་འཛམ་གླིང་ཞི་བདེའི་ཆེད་ཆོས་ལུགས་སོ་སོའི་སྨོན་ལམ་གསུང་འདོན་གནང་། སྐབས་དེར་ཆོས་ལུགས་འདྲ་མིན་ཁག་དགུ་སྟེ་ར་མ་ཀྲིཤྣ་མི་ཤེན་ Ramakrishna Mission  དང་།  རྒྱ་གར་རྒྱལ་ཡོངས་ཨི་མཱམ་མཐུན་ཚོགས་ཀྱི་ཚོགས་གཙོ་ President of All India Imam Association  སིག་ཆོས་ལུགས་ནས་གསེར་གྱི་ལྷ་ཁང་ Golden Temple གི་སྐུ་ཚབ་འཐུས་མི།  བོད་མིའི་སྒྲིག་འཛུགས་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་དང་དཔལ་སྤུངས་ཤེས་རབ་གླིང་གི་ཁྱུང་པོ་རིན་པོ་ཆེ་མཆོག་སོགས་ཀྱིས་སྨོན་ལམ་གསུང་འདོན་གནང་འདུག

སྐུ་མགྲོན་གཙོ་བོ་ཨནྡྲ་པྲ་དེ་ཤི་དང་ཏི་ལངྒ་ན་མངའ་སྡེའི་སྲིད་སྐྱོང་གཅིག་ལྕོགས་ Governor of Andhra Pradesh and Telangana  སྐུ་ཞབས་ E.S.L. Narashimhan མཆོག་ཡིན་འདུག

ཆོས་རིག་བཀའ་བློན་མཆོག་ནས་ལྷན་ཚོགས་གོ་སྒྲིག་གནང་མཁན་རྒྱ་གར་རྒྱལ་ཡོངས་སཏྱ་སའི་སེ་ཝ་ All India President of Sri Sathya Sai Seva Organisation   ཞེས་པའི་ཚོགས་གཙོ་སྐུ་ཞབས་ནི་མིཤ་པཎྜྱ་ Sri Nimish Pandya མཆོག་ལ་ཐུབ་དབང་སྐུ་ཞིག་ཕྱག་རྟགས་སུ་ཕུལ་ནས་ལྷན་ཚོགས་དེ་ལྟ་བུ་གོ་སྒྲིག་གནང་བར་ཡི་རངས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་འདུག

ཕྱེད་ཡོལ་དུ་ཆོས་རིག་བཀའ་བློན་མཆོག་ནས་ནང་པ་སངས་རྒྱས་པའི་གཞུང་ནས་གཞན་ཕན་དང་བྱམས་སྙིང་རྗེའི་ལྟ་གྲུབ་སྐོར་གསུངས།   རིག་བྱེད་ལྟ་གྲུབ་སྨྲ་བའི་རྒྱལ་སྤྱིའི་ལྷན་ཚོགས་ཉིན་གཉིས་པའི་ཐོག་ཆོས་རིག་བཀའ་བློན་མཆོག་མཉམ་ཞུགས་གནང་བ་དང་།   སྐབས་དེར་རིག་བྱེད་ཀྱི་གཞུང་ནས་ཚན་རིག་ལ་ལྟ་ཚུལ་སྐོར་བགྲོ་གླེང་གནང་འདུག

དེ་རིང་ཕྱེད་ཡོལ་ཆུ་ཚོད་ ༤ དང་ཕྱེད་ཀའི་ཐོག་ལྷན་ཚོགས་ཉིན་མཐའ་མ་མཇུག་སྡོམ་མཛད་སྒོར་རྒྱ་གར་གྱི་སྲིད་བློན་སྐུ་ཞབས་ན་རེནྡྲ་མོ་དི་ Shri Narendra Modi མཆོག་གིས་གསུང་འཕྲིན་གནང་བ་བརྙན་འཕྲིན་བརྒྱུད་གཟིགས་འབུལ་ཞུ་རྒྱུ་ཡིན་འདུག་པ་བཅས།།

Share with your friends










Submit