མདུན་ཤོག » Flash Mobile » གསར་གནས། » གསལ་བསྒྲགས། » སྤྱི་ཡོངས་གསལ་བསྒྲགས། »

གལ་ཆེའི་གསལ་བསྒྲགས།

Share with your friends










Submit

ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༤ རེས་གཟའ་མིག་དམར།

༄༅། གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༥ ནས་ ༧ བར་དང་། ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༡༤ ནས་ ༡༦ བར་བཅས་སོ་སོར་གསུང་ཆོས་བཀའ་དྲིན་སྩལ་གཏན་འཁེལ་བ་བཞིན། གནས་མཆོག་རྡོ་རྗེ་གདན་དུ་གསུང་ཆོས་དངོས་གཞིའི་སྐབས་མི་ཚོགས་ཧ་ཅང་ཆེ་བས་ཕྱག་འཁྱེར་ཐོ་འགོད་ལས་ཁང་དུ་འཚང་ཁ་མི་ཡོང་ཆེད་གྲྭ་བཙུན་རྣམ་པ་དང་། རྒྱ་གར་བ། ཕྱི་རྒྱལ་བ་བཅས་ལ་གསུང་ཆོས་ཕྱག་འཁྱེར་འབུལ་རྒྱུ་ཡིན། ཆོས་ཞུ་བ་གཞན་རྣམས་ལ་ཕྱག་འཁྱེར་ཞུ་དགོས་མེད། གོང་གསལ་ཆོས་ཞུའི་ཕྱག་འཁྱེར་དགོས་རིགས་རྣམས་(www.dalailamateaching.com) ཞེས་པའི་དྲ་ཚིགས་ཐོག་ཐོ་འགོད་གནང་དགོས་པ་དང་དྲ་ཚིགས་འདིའི་དྲ་ཐག་ (dalailama.com) དང་། (tibet.net) བཅས་ནས་ཀྱང་གཟིགས་རྒྱུ་ཡོད། ཐོ་འགོད་གནང་གྲུབ་རྗེས་དྲྭ་ཐོག་ནས་བཀང་བའི་འགེངས་ཤོག་དང་། སོ་སོའི་ Passport/Aadhaar Card/Voter ID/Green Book/RC བཅས་ཡིག་ཆ་གང་རུང་གནས་མཆོག་རྡོ་རྗེ་གདན་དུ་མཉམ་འཁྱེར་གྱིས་ཕྱག་འཁྱེར་ཐོ་འགོད་ལས་ཁང་ནས་གསུང་ཆོས་ཕྱག་འཁྱེར་བཞེས་དགོས།
དྲྭ་ཐོག་ཐོ་འགོད་དེ་བཞིན་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༠ ནས་སྒོ་ཕྱེ་རྒྱུ་ཡིན་པ་དང་། གལ་ཏེ་དྲྭ་ཐོག་ནས་ཐོ་འགོད་གནང་མ་ཐུབ་ཚེ་གནས་མཆོག་རྡོ་རྗེ་གདན་དུ་དོ་བདག་ངོ་བཅར་གྱིས་གསུང་ཆོས་ཕྱག་འཁྱེར་ཞུ་འཐུས་ཆོག་པ་བཅས་ཀྱི་གསལ་བསྒྲགས་སུ། བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༤ ལ།།

Share with your friends










Submit