ཟླ་བ་ ༡༡ ཚེས ༡༩ ༢༠༡༧
Published By ngawang thokmey

༢༠༡༧ ཟླ་ ༡༡ ཚེས་ ༡༩ རེས་གཟའ་ཉི་མ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༡༩ རེས་གཟའ་ཉི་མའི་ཉིན་ཤྲི་ལངྐ་དང་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ Sri lanka Tibetan Buddhist Brotherhood Society ཀྱི་ཚོགས་གཙོ་སྐུ་ཞབས་ད་མེན་ད་པོ་རེ་ཇི་  Damenda Porage མཆོག་གིས་ཡུལ་དེའི་བདུན་རེའི་གསར་ཤོག་གྲགས་ཅན་ Irida Lankadeepa ཞེས་པའི་ནང་གསུང་དོན།

ང་ཚོས་ཐེངས་འདིར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་མཛད་པའི་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།  (My land and My People) ཞེས་པའི་ཕྱག་དེབ་ཤྲི་ལངྐའི་སྐད་ནང་ཕབ་སྒྱུར་ཞུས་ཟིན་སྟབས་མཛད་རྣམ་དེ་ལས་དུམ་བུ་ཞིག་བདུན་རེའི་གསར་ཤོག་གྲགས་ཅན་ནང་འདོན་སྤེལ་ཞུ་ཐུབ་པར་བརྟེན་ང་རང་ཧ་ཅང་དགའ་པོ་བྱུང་།  གང་ཡིན་བརྗོད་ན་ང་ཚོས་ལས་འགུལ་དེའི་ཐོག་ནས་བོད་དོན་ལ་ཞབས་འདེགས་ཕྲན་བུ་ཞིག་བསྒྲུབ་ཐུབ་བྱུང་བསམ་པ་དྲན་གྱི་འདུག   དེ་རིང་མཛད་རྣམ་ཚན་པ་འདོན་ཐེངས་དང་པོ་ཆགས་ཡོད།  བདུན་ཕྲག་རྗེས་མར་མུ་མཐུད་དགོད་རྒྱུ་མ་ཟད།  ལོ་གཅིག་རིང་མུ་མཐུད་ནས་གསར་ཤོག་དེའི་ནང་འདོན་སྤེལ་ཞུ་རྒྱུ་རེད། ཅེས་གསུངས།

སྤྱིར་མཛད་རྣམ་ཤྲི་ལངྐའི་སྐད་ཡིག་ནང་ཕབ་སྒྱུར་ཞུ་མཁན་སྐུ་ཞབས་རུ་ཝན་ཧ་རིཤྕནྡྲ་ Ruwan Harishchandra  མཆོག་ཡིན་འདུག་ཅིང་།  ཐོག་མར་ཕྱག་དེབ་པར་སྐྲུན་ཞུ་མཁན་ཤྲི་ལངྐ་དང་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཡིན་འདུག་པ་བཅས།།

Share with your friends










Submit