ཟླ་བ་ ༡༠ ཚེས ༦ ༢༠༡༧
Published By Bhara Yeshi Kundak

ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༦ རེས་གཟའ་པ་སངས།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  སྐབས་ ༡༦ བོད་མི་མང་སྤྱི་འཐུས་རྣམས་བོད་མིའི་འདུ་སྡོད་གཞིས་ཆགས་ཁག་ལ་ཕྱོགས་བསྐྱོད་ཕེབས་རྒྱུའི་ས་བགོས་ཡོད་པ་ལྟར། སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༡༠ ཚེས་ ༧ ནས་ ༢༤ བར་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་རྟེན་གཞི་བྱས་པའི་བོད་མིའི་གཞིས་ཆགས་ཏི་ཛུ་དར་རྒྱས་གླིང་དང་། ཀྲུ་ཀྲིང་། མེའི་ཆོས་འཕེལ་གླིང་དང་། དེ་བཞིན་ན་ག་ལན་ཌི་མངའ་སྡེའི་ནང་གི་བོད་མིའི་ཚོང་ལས་གཉེར་ས་རྡི་མ་པུར་དང་། ཀོ་ཧི་མ་ས་གནས་བཅས་ལ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་གཏན་འཁེལ་ཡོད།
དེ་ཡང་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཕྱི་ཟླ་ ༡༠ ཚེས་ ༧ ཉིན་རྡ་ས་ནས་ལྡི་ལིར་ཕེབས་ཐོན་གནང་རྒྱུ་དང་། ཕྱི་ཚེས་ ༩ ཉིན་ལྡི་ལི་ནས་གྷོ་ཝ་ཧ་ཊི་བརྒྱུད་རྡི་མ་པུར་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༠ ཉིན་ས་གནས་སུ་ལས་རིམ། དེ་རྗེས་ཕྱི་ཚེས་ ༡༡ ནས་ ༢༠ བར་གོང་འཁོད་ས་གནས་གཞན་རྣམས་ལ་མུ་མཐུད་ལས་རིམ་དང་། ཕྱི་ཚེས་ ༢༤ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས་ཀྱི་གནས་ཚུལ་དུ། །

Share with your friends










Submit