མདུན་ཤོག » Flash Mobile » གསར་གནས། »

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མ་ནི་པུར་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ།

Share with your friends










Submit

༢༠༡༧ ཟླ་ ༡༠ ཚེས་ ༡༧ རེས་གཟའ་མིག་དམར།

༄༅། །རྒྱ་གར་བྱང་ཤར་མ་ནི་པུར་མངའ་སྡེའི་རྒྱལ་ས་ཨིམ་ཕལ་ནང་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཡུལ་དེའི་སྲོལ་རྒྱུན་གྱི་ལམ་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག དེ་ཡང་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡༧ ཉིན་མགོན་པོ་གང་ཉིད་མཆོག་རྒྱལ་སའི་གནམ་ཐང་དུ་༸ཞབས་སོར་འཁོད་སྐབས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཨེན་བྷི་རེན་མཆོག་ Chief Minister N. Biren Singh དང་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ཡུམ་ནམ་ཁེམ་ཅནྡ་ Yumnam Khemchand མཆོག་གིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག

སྤྱི་ཁྱབ་བློན་ཆེན་མཆོག་དང་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་དང་ལྷན།

གནམ་ཐང་ནས་༸གོང་ས་མཆོག་མངའ་སྡེའི་སྲིད་སྐྱོང་ལྕམ་སྐུ་ནཇ་མ་ཧེབ་ཏུ་ལྷ་ Governor Najma Heptullah མཆོག་གི་གཟིམ་ཤག་ཏུ་ཆིབས་སྒྱུར་བསྐྱངས་ནས་སྲིད་སྐྱོང་མཆོག་དང་མཇལ་འཕྲད་མཛད།

མངའ་སྡེའི་སྲིད་སྐྱོང་མཆོག་དང་ལྷན།

ཐེངས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མ་ནི་པུར་མངའ་སྡེའི་སྐུ་མགྲོན་དུ་གདན་འདྲེན་ཞུས་པ་ཞིག་ཡིན་འདུག

མངའ་སྡེའི་སྲིད་སྐྱོང་མཆོག་དང་ལྷན།

ཕྱི་ཚེས་ ༡༨ ཉིན་༸གོང་ས་མཆོག་གིས་གོ་ལའི་ཞི་བདེའི་ལྷན་ཚོགས་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་དང་།

མཛད་སྒོ་ཚུགས་ཡུལ་ཀོན་ཝེན་ཤེན་ཚོགས་ཁང་ City Convention Center ནང་ཡིན་འདུག ཐེངས་འདིར་ཞི་བདེའི་ལྷན་ཚོགས་ཐོག་ནང་པའི་ཡུལ་གྲུ་འདྲ་མིན་ནས་བླ་ཆེན་ཁག་མང་པོ་ཞིག་གདན་ཞུ་ཕུལ་བ་ལྟར་ཕེབས་རྒྱུ་ཡིན་འདུག

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཚེས་ ༡༩ ཉིན་བཞུགས་སྒར་དུ་༸ཞབས་སོར་བདེ་བར་འཁོད་གནང་མཛད་རྒྱུ་ཡིན་པ་བཅས།།

 

 

Share with your friends










Submit