མདུན་ཤོག » Featured Mobile » Flash Mobile » གསར་གནས། » པར་རིས་གནས་ཚུལ། »

སྐུ་ཚབ་དོན་གཅོད་རྣམ་པའི་ཉིན་གཉིས་རིང་གི་ལོ་འཁོར་ཚོགས་འདུ་ལེགས་གྲུབ་བྱུང་བ།

Share with your friends










Submit

༢༠༡༧ ཟླ་ ༡༠ ཚེས་ ༡༢ རེས་གཟའ་ཕུར་བུ།

༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག་བཀའ་ཤག་ཚོགས་ཁང་དུ་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡༡ དང་ ༡༢ བཅས་ཉིན་གྲངས་གཉིས་རིང་སྐུ་ཚབ་དོན་གཅོད་རྣམ་པའི་ལོ་འཁོར་ཚོགས་འདུ་དབུ་འཛུགས་གནང་ཡོད།  དེ་ཡང་ཕྱི་ཚེས་ ༡༡ སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དབུས་པའི་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས། ཕྱི་དྲིལ་དྲུང་འཕར་འརྣམ་གཉིས། དེ་བཞིན་ཨ་རི་དང་སུད་སི།  ཨོ་སི་ཊོ་ལི་ཡ།  ལྷོ་ཨ་ཕི་རི་ཀ།  ཕ་རན་སི།  ལྡི་ལི།  བལ་ཡུལ། སྦར་སེལ། ཐེ་ལྦན།  རུ་སོག  ལེ་ཊིན་ཨ་མེ་རི་ཀ་བཅས་ཀྱི་སྐུ་ཚབ་དོན་གཅོད་རྣམ་པ་དང་།   གཞན་ཡང་རྒྱ་རིགས་འབྲེལ་མཐུད་པ་བཅས་ཚང་འཛོམས་ཀྱི་ཐོག་མར་ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་དགའ་བསུའི་ངོ་སྤྲོད་གསུང་བཤད་གནང་ཡོད།  དེ་རྗེས་ཐོག་མར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བོད་མིའི་སྒྲིག་འཛུས་ཀྱི་ལྔ་དང་ལྔ་ཅུའི་འཆར་སྣང་དང་འཐབ་བྱུས།  ཕྱི་ལོ་ ༢༠༡༨ ལོ་དེ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་གཏན་འཁེལ་བའི་སྐོར་སོགས་ངོ་སྤྲོད་གནང་བསྟུན་ཚོགས་འདུ་དངོས་གཞི་དབུ་འཛུགས་གནང་འདུག

ཚོགས་འདུའི་སྐབས་གནད་དོན་གཙོ་བོ་ཕྱི་ལོ་ ༢༠༡༧ ལོ་འདི་བོད་དོན་ལས་འགུལ་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད་སྟབས།  འབྱུང་འགྱུར་ལས་དོན་ཇི་སྤེལ་དང་།  དེ་སྔ་ལས་འགུལ་ཁག་གཅིག་སྤེལ་བ་རྣམས་སྙིང་བསྡུས་ངོ་སྤྲོད་དང་། ཕྱི་ལོ་ ༢༠༡༨ ལོ་དེ་ཐུགས་རྗེ་ཆེ་ཞུའི་ལོར་སྲུང་བརྩི་ཞུ་རྒྱུ་ཡིན་སྟབས་སྐབས་བསྟུན་དོན་གཅོད་ལས་ཁུངས་སོ་སོ་ནས་ཡུལ་དུས་གནས་སྐབས་ལ་གཟིགས་ནས་ས་གནས་ཀྱི་འབབ་བསྟུན་ལས་འགུལ་ཆེ་ཕྲ་སྣ་ཚོགས་སྤེལ་འཆར་ཡོད་པ་རྣམས་ངོ་སྤྲོད།

ཕྱོགས་མཚུངས་ཉིན་གཉིས་ཀྱི་ཚོགས་འདུའི་སྐབས་སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་མཆོག་དང་ཚེ་བརྟན་བསམ་གྲུབ་ལགས་རྣམ་གཉིས་ཀྱི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཆིབས་སྒྱུར་དང་འབྲེལ་བའི་གནད་དོན་སོགས་ངོ་སྤྲོད་གནང་བ་མ་ཟད།  དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་དངུལ་རྩིས་དང་དཔལ་འབྱོར་འདུ་འགོད་དང་འབྲེལ་བའི་ཐོག་གསུང་བཤད་གནང་བ་དང་།  དེའི་ཐོག་དོན་ཁང་སོ་སོས་དཔལ་འབྱོར་འདུ་འགོད་གནང་ཕྱོགས་ཐད་ལམ་སྟོན་གནང་།

  ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་སུང་སྐྱོབ་ཚན་པའི་ལས་བྱེད་སྐལ་ལྡན་མཚོ་མོ་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ཕྱོགས་ཀྱི་ཐབས་ལམ།   དྲིལ་བསྒྲགས་ཀམ་པུ་ཊར་སྡེ་ཚན་རྒན་འཛིན་རྣམ་རྒྱལ་ལེགས་བཤད་ལགས་ཀྱིས་ཀམ་པུ་ཊར་ཉེན་སྲུང་ Cyber security ཇི་ལྟར་དགོས་མིན།  དྲིལ་བསྒྲགས་དྲུང་ཆེའི་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་སྤྱི་ཚོགས་དྲ་རྒྱའི་ social media སྐོར། དེ་བཞིན་བསྟན་འཛིན་སྒྲོན་མཛད་ལགས་ཀྱིས་ལག་ཐོག་ཁ་པར་ནང་གི་ apps གནས་ཚུལ་ཁྱབ་སྤེལ་གནང་སྟངས་སྐོར་ཞིབ་ཕྲ་གསལ་བཤད་གནང་འདུག་པ་བཅ།།

Share with your friends










Submit