མདུན་ཤོག » Flash Mobile » གསར་གནས། » གསལ་བསྒྲགས། » སྤྱི་ཡོངས་གསལ་བསྒྲགས། »

ས་ཁང་སྟོང་པ་བེད་མེད་རྣམས་ཕྱིར་བསྡུ་བྱ་རྒྱུའི་སྔོན་བརྡའི་གསལ་བསྒྲགས།

Share with your friends










Submit

༢༠༡༧ ཟླ་ ༡༠ ཚེས་ ༡༩ རེས་གཟའ་ཕུར་བུ།

༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  ཧོན་སུར་རབ་རྒྱས་གླིང་ས་གནས་ས་ཁང་ཞིབ་འཇུག་ཚོགས་ཆུང་ནས་ཞིབ་འཇུག་ཟུར་འདོན་ཞུས་པའི་གཤམ་གསལ་གཞིས་མི་ཁག་ (དོ་བདག་གི་མཚན་བྱང་འཁོད་པ་) ནས་ས་ཁང་གི་སྒྲིག་གཞིར་སྲུང་བརྩི་མ་བྱེད་པར་ལོ་མང་རིང་ས་ཁང་བེད་མེད་སྟོང་པར་བཞག་པ་སྒྲིག་འགལ་ཚབས་ཆེ་གྱུར་ཡོད་ནའང་ད་ལན་མུ་མཐུད་བདག་བེད་ཐུབ་ན་མཐའ་མའི་གོ་སྐབས་གཅིག་འབུལ་རྒྱུ་ལགས་ན། གོ་སྐབས་ལེན་འདོད་ཡོད་རིགས་དོ་བདག་རང་ཉིད་དམ་འདོད་གཅིག་ནང་མི་ཁུངས་ལྡན་ཡིན་པ་སུ་རུང་ནས་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༣༡ ནང་ཚུད་ས་གནས་འགོ་འཛིན་ལས་ཁུངས་སུ་ངོ་བཅར་གྱིས་སྒྲིག་འགལ་ཇི་བྱུང་ལ་འགྱོད་བཤགས་དང་སླད་ས་ཁང་དང་འབྲེལ་བའི་ཁྲིམས་སྒྲིག་དང་སྲིད་ཇུས་གཏན་འབེབས་ཁག་ལ་བརྩི་སྲུང་དམ་དོན་ཞུ་རྒྱུའི་ཁས་ལེན་དམ་འབུལ་ཡིག་ཐོག་འབུལ་དགོས།

ཅི་སྟེ་གོང་འཁོད་དུས་བཀག་ནང་ཞུ་གཏུགས་འབྲེལ་བ་མ་བྱུང་ཚེ་གཏན་འཇགས་གཞིས་ཐོན་ངོས་འཛིན་གྱིས་ས་ཁང་དེ་དག་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་གི་ས་ཁང་བདག་འཛིན་དང་བེད་སྤྱོད་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༥(༡) དང་ ༡༡(༡) དགོངས་དོན་དང་། རྒྱ་གར་གཞུང་གི་བཙན་བྱོལ་བོད་མིར་མཐུན་རྐྱེན་སྦྱོར་སྤྲོད་བྱེད་ཕྱོགས་ཀྱི་སྲིད་བྱུས་ (༢༠༡༤)གཏན་འབེབས་དོན་ཚན་ ༤ (ཁ་དང་ག་) འབྲུ་དོན་ལྟར་མངའ་སྡེ་གཞུང་ནས་དབུས་ངལ་སེལ་ཚོགས་པའི་མིང་ཐོག་བོགས་མར་གནང་བའི་གཞིས་ཆགས་ཀྱི་ས་ཁང་བེད་སྤྱོད་གཏོང་རྒྱུའི་དབང་ཚད་དབུས་ངལ་སེལ་ཚོགས་པར་ཡོད་པ་བཅས་ཀྱི་ཆ་རྐྱེན་འོག་ཕྱིར་བསྡུ་གནང་སྟེ་སྐྱབས་བཅོལ་བོད་མི་ས་ཁང་མེད་རིགས་སྒུག་ཐོ་བང་རིམ་ལྟར་བགོ་སྤྲོད་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་སུ།

དབུས་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་ ༢༠༡༧ ཟླ་ ༡༠ ཚེས་ ༡༨ ལ།།

ཧོན་སུར་རབ་རྒྱས་གླིང་གཞིས་ཆགས་ནང་ཡོད་ས་ཁང་སྟོང་པ་བེད་མེད་ལྷག་བསྡད་པ་རྣམས་ཀྱི་ཐོ་གཞུང་།

 

Share with your friends










Submit