མདུན་ཤོག » Featured Mobile » Flash Mobile » གསར་གནས། » པར་རིས་གནས་ཚུལ། »

བོད་ཀྱི་རིག་གཞུང་རྩ་མེད་བཏང་དང་གཏོང་བཞིན་པའི་སྐོར་གྱི་དཔེ་དེབ་དབུ་འབྱེད་གནང་བ།

Share with your friends










Submit

༢༠༡༧ ཟླ་ ༡༠ ཚེས་ ༡༧ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་རྒྱ་གར་རྒྱལ་ས་ལྡི་ལིའི་རྒྱ་གར་རྒྱལ་སྤྱིའི་བསྟི་གནས་ཁང་  India International Centre  གི་ཚོགས་ཁང་ནང་དུ་གྲོས་ཚོགས་འཐུས་མི་དང་གཞུང་ཚབ་པ།  ཕྱི་སྲིད་དྲུང་ཆེ་ཟུར་པ། དེ་བཞིན་རྒྱ་རིགས་མཁས་དབང་ཁག་གཅིག་བཅས་ཁྱོན་མི་གྲངས་ ༢༥༠ ལྷན་འཛོམས་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ནས་རྒྱ་ནག་དམར་པོའི་གཞུང་གིས་བོད་ནང་རིག་གཞུང་རྩ་མེད་བཏང་བའི་སྐོར་གྱི་དཔེ་དེབ་དབུ་འབྱེད་གནང་འདུག

ཕྱོགས་མཚུངས་སྐབས་དེར་མཁས་པ་དྲུག་དབུ་བཞུགས་ཀྱིས་བོད་ཀྱི་གནད་དོན་ཐོག་བགྲོ་གླེང་ལྷུག་པོ་གནང་འདུག  དེ་ཡང་གོང་སྨོས་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་གནང་སྐབས་ཚོགས་ཆུང་གི་ཚོགས་གཙོ་ལྡི་ལི་མཐོ་སློབ་ཀྱི་ཤར་ཨེ་ཤི་ཡའི་ཉམས་ཞིབ་ཚན་པའི་ Department of East Asian Studies  འགན་འཛིན་ཟུར་པ་ལྕམ་སྐུ་མ་དུ་བྷལ་ལ་ Professor Madhu Bhalla ལགས་དང་། གསུང་བཤད་གནང་མཁན་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་མི་ནཱཀཤི་ལེ་ཁི་ Shrimati Meenakshi Lekhi  མཆོག   གཞུང་ཚབ་པ་སྐུ་ཞབས་ཀན་ཝལ་སི་བྷལ་ Kanwal Sibal མཆོག  རྒྱ་གར་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་ཇྱ་ཡཱ་དེབ་ར་ན་དེབ་Mr. Jayadeva Ranade མཆོག  ནིའུ་ཡོག་རྒྱ་ནག་གནད་དོན་ཉམས་ཞིབ་བསྟི་གནས་ཁང་གི་འགན་འཛིན་སྐུ་ཞབས་མིང་ཞི་ཡ་ Professor Ming Xia  ལགས།  དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་བཅས་ཡིན་འདུག

སྐབས་དེར་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཐོག་མར་བོད་ཀྱི་ཆོས་རྒྱལ་བཀའ་དྲིན་ཅན་རྣམས་ཀྱིས་གཞོན་ནུ་བློ་རྣོ་བ་ཁག་རྒྱ་གར་དུ་ལེགས་སྦྱར་སློབ་ཕྱིར་བརྫངས་པའི་སྐོར་དང་།  དེ་ནས་རིམ་བཞིན་བོད་རིགས་ལོ་པཎ་སོགས་མཁས་གྲུབ་དུ་མ་བྱོན་ནས་མདོར་ན་དུས་རབས་ ༧ ནས་འགོ་བརྩམས་ཏེ་ལོ་ངོ་ ༥༠༠ རིང་རྒྱལ་བའི་གསུང་རབས་ཀྱི་དགོངས་དོན་ཙམ་མ་ཟད།  རིག་གནས་ཆེ་ཆུང་རྣམས་རིམ་བཞིན་བོད་སྐད་ནང་བསྒྱུར་བའི་སྐོར་དང་།

དེ་ལྟ་བུའི་བོད་མིའི་གནའ་བོའི་རིག་གཞུང་རྩ་ཆེ་དེ་དག་དེང་སྐབས་རྒྱ་ནག་དམར་པོའི་དབང་སྒྱུར་འོག་དངོས་ཤུགས་བརྒྱུད་གསུམ་ནས་རྩ་གཏོར་བཏང་དང་གཏོང་བཞིན་པ་ནི་དཔེར་ན་དེ་སྔ་བོད་དུ་རིག་གནས་གསར་བརྗེའི་ལས་འགུལ་སྤེལ་བ་མ་ཟད། དེང་སྐབས་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཁག་ནང་གཞུང་གི་ལས་བྱེད་པས་ཆེད་མངགས་དགོན་པའི་བྱེད་སྒོ་རྣམ་གསུམ་ཐད་ཐེ་བྱུས་བྱེད་བཞིན་པ་དང་།   རྒྱ་ནག་གཞུང་གིས་བོད་ནང་དབང་སྒྱུར་བྱས་པ་དེར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་མའོ་ཙེ་ཏུང་ལ་ཡིག་འབྲུ་ཁྲི་བདུན་ཞེས་པ་ཞིག་ཕུལ་བ་བརྒྱུད་ངོ་རྒོལ་གནང་ཡོད་སྐོར་སོགས་གསུངས།

ཕྱོགས་མཚུངས་སྐབས་དེར་རྒྱ་གར་གཞུང་གི་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་ཀན་ཝལ་སི་བྷལ་ Kanwal Sibal མཆོག་གིས་བོད་ཀྱི་རིག་གཞུང་རྩ་མེད་བཏང་བའི་དེབ་དེ་ཀློག་སྐབས་སེམས་ནང་བློ་ཕམ་ཧ་ཅང་སྐྱེ་གཞིར་གྱུར་ཡང་བོད་མི་ཚོས་སྙིང་སྟོབས་ནམ་ཡང་ཞུམ་རྒྱུ་མེད་སྐོར་གསུངས།

དེ་བཞིན་རྒྱ་གར་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་ཇྱ་ཡཱ་དེབ་ར་ན་དེབ་Mr. Jayadeva Ranade མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་འཆར་གཞི་དང་ཐབས་བྱུས་གཏིང་ཟབ་ཐོག་ནས་དབང་སྒྱུར་སྲ་བརྟན་གནས་ཐབས་བྱེད་བཞིན་པའི་སྐོར་གསུངས།
སྐབས་དེར་རྒྱ་ནག་གནད་དོན་ཐོག་གི་མཁས་པ་དང་ཉམས་ཞིབ་པ་སྐུ་ཞབས་མིང་ཞི་ཡ་ Ming Xia  ལགས་ཀྱིས་རིང་མིན་རྒྱ་ནག་མི་དམངས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྐབས་ ༡༩ སྐབས་རྒྱ་ནག་འགོ་ཁྲིད་ཁྲོད་འཕོ་འགྱུར་འགྲོ་ཕྱོགས་ཐད་སྒེར་གྱི་གཟིགས་ཚུལ་སྐོར་གསུང་པ་དང་སྦྲགས།  ཐེངས་འདིར་ཏང་གི་ཚོགས་ཆེན་སྐབས་དེར་བོད་ནང་ཆབ་སྲིད་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་རྒྱུའི་རེ་བ་གང་ཡང་མེད་པ་དེར་སེམས་འཚབ་གནང་འདུག

ཕྱོགས་མཚུངས་སྐབས་དེར་ལྕམ་སྐུ་  Meenakshi Lekhi  མཆོག་ནས་རྒྱ་གར་གཞུང་མང་གཉིས་ཀྱིས་དུས་རྟག་ཏུ་བོད་མིར་རྒྱབ་སྐྱོར་གནང་བཞིན་ཡོད་སྐོར་སོགས་གསུངས།།

 

 

 

 

Share with your friends










Submit