མདུན་ཤོག » Flash Mobile » གསར་གནས། »

དཔལ་ལྡན་སྲིད་སྐྱོང་མཆོག་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།

Share with your friends










Submit

༢༠༡༧ ཟླ་ ༡༠ ཚེས་ ༡༣ རེས་གཟའ་པ་སངས།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་༡༥ ཉིན་རྒྱབ་ནས་ཟླ་ ༡༠ ཚེས་ ༡༩ བར་ལྡི་ལི་དང་། ལྡེ་ར་ལྡུན་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་ཡོད།

དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ཕྱི་ཟླ་ ༡༠ ཚེས་ ༡༥ ཉིན་རྒྱབ་རྡ་ས་ག་གལ་གནམ་ཐང་ནས་ལྡི་ལིར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དཔེ་དེབ་དབུ་འབྱེད་མཛད་སྒོ་དང་། གནད་ཡོད་མི་སྣ་མཇལ་འཕྲད་གནང་རྒྱུ་དང་།  ཕྱི་ ༡༠ ཚེས་ ༡༧ ཉིན་ལྡི་ལི་ནས་ལྡེ་ར་ལྡུན་ཁུལ་གྱི་མ་སུ་རི་བོད་ཁྱིམ་དང་།   གཏན་སློབ་ཏུ་དགེ་ལས་སློབ་ཕྲུག་ཚོར་གསུང་བཤད་གནང་རྒྱུ།

དེ་བཞིན་ལྡེ་ར་ལྡུན་དུ་རྫོགས་པའི་སང་རྒྱས་འབྲི་གུང་༸སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོ་བརྒྱད་བརྒྱའི་རྗེས་དྲན་མཆོད་འབུལ་ཆེན་མོའི་མཛད་སྒོར་གདན་འབོད་ལྟར་གསུང་བཤད་གནང་རྒྱུ་སོགས་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་མཚམས་ཕྱི་ཟླ་ ༡༠ ཚེས་ ༡༩ ཉིན་ལྡི་ལི་ནས་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།།

Share with your friends










Submit