མདུན་ཤོག » Flash Mobile » གསར་གནས། »

དཔལ་ལྡན་ཚོགས་གཞོན་མཆོག་རྒྱ་གར་ས་གནས་ཧིན་རྡིའི་གསར་ཤོག་ཁང་ Divya Himachal ནས་གོ་སྒྲིག་ཞུས་པའི་ Mr. Himachal Pradesh ཡི་མཐའ་མའི་འགྲན་བསྡུར་ཐོག་དམིགས་བསལ་སྐུ་མགྲོན་དུ་ཕེབས་པ།

Share with your friends










Submit

༢༠༡༧ ཟླ་ ༡༠ ཚེས་ ༡༧  རེས་གཟའ་མིག་མར།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༧ ལོའི་ཟླ་བ་ ༡༠ ཚེས་ ༡༤ ཉིན་རྡ་ས་རྒྱ་གར་གཞུང་གི་མཐོ་སློབ་ཀྱི་ཚོགས་ཁང་ནང་རྒྱ་གར་ས་གནས་གསར་ཤོག་     Divya Himachal གསར་ཤོག་ཁང་ནས་ལོ་ལྟར་སྤྱི་ཚོགས་ཞབས་ཞུའི་ལས་དོན་སྣ་ཚོགས་གྲུབ་བཞིན་ཡོད་པའི་ནང་ནས་གཞོན་སྐྱེས་ཚོར་དམིགས་བསལ་གྱི་རྒྱ་གར་སྤྱི་ཚོགས་ནང་མཉམ་ཞུགས་ཡོང་སླད་ Mr.Himachal འགྲན་བསྡུར་གོ་སྒྲིག་ཞུ་བཞིན་པ་ལྟར། ཕྱི་ཚེས་ ༡༤ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥ ཐོག་ ༢༠༡༧ ལོའི་ Mr.Himachal མཐའ་མའི་འགྲན་བསྡུར་རྒྱ་གར་གཞུང་གི་མཐོ་སློབ་ཚོགས་ཁང་ནང་འཚོགས་སྐབས་སྐུ་མགྲོན་གཙོ་བོར་ཀངྒ་ར་རྗོང་གི་ཉེན་རྟོག་སྤྱི་ཁྱབ་འགོ་དཔོན་ SP Ramesh Chhajta དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཚོགས་གཞོན་མཆོག གཞན་སྐུ་མགྲོན་ཁག་ཅིག་དང་ས་གནས་མི་མང་བཅས་ཚང་འཛོམས་གནང་སྟེ་མཛད་རིམ་དབུ་འཛུགས་ཀྱིས་ཐོག་མར་གསར་འགྱུར་ཁང་དེའི་སྤྱི་ཁྱབ་རྩོམ་སྒྲིག་པ་Anil Soni ལགས་ནས་འཚམས་འདྲི་ཞུས་རྗེས་འགྲན་བསྡུར་གྱི་ལས་རིམ་འགོ་འཛུགས་གནང་ཡོད།

དེ་རྗེས་ཧི་མ་ཅཱལ་མངའ་སྡེའི་ནང་བྱས་རྗེས་འཇོག་མཁན་ཁག་ཅིག་ལ་སྐུ་མགྲོན་རྣམ་པས་ལེགས་གསོལ་ཕྱག་རྟགས་ཕུལ་བ་དང་སྦྲགས་ཚོགས་གཞོན་མཆོག་ལའང་མཛད་སྒོའི་ཐོག་ཆེད་ཕེབས་གནང་བར་ཐུགས་རྗེ་ཆེ་ཞུས། མཛད་སྒོ་ཕྱི་དྲོ་ཆུ་ཚོད་ ༡༡ ཐོག་གྲོལ་འདུག་པ་བཅས།།

 

Share with your friends










Submit