མདུན་ཤོག » Flash Mobile » གསར་གནས། » གསལ་བསྒྲགས། » སྤྱི་ཡོངས་གསལ་བསྒྲགས། »

གསལ་བསྒྲགས།

Share with your friends










Submit

ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༦ རེས་གཟའ་པ་སངས།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༣ ནས་བཟུང་ལོ་ལྟར་རྒྱ་བལ་གཉིས་ཀྱི་འཛིན་རིམ་བཅུ་པའི་སློབ་ཕྲུག་གསུམ་བརྒྱ་བརྒལ་བར་འགོ་ཁྲིད་ནུས་པ་སྐྱེད་སྲིང་གནང་ཕྱོགས་དང་འབྲེལ་བའི་ཟབ་སྦྱོང་གོ་སྒྲིག་ཞུ་མུས་ལྟར། སློབ་གྲྭ་ཁག་དང་ཕ་མ། དེ་བཞིན་མཉམ་ཞུགས་གནང་མཁན་སློབ་ཕྲུག་རྣམས་ནས་ཀྱང་ཟབ་སྦྱོང་འདི་ཉིད་སློབ་ཕྲུག་གི་ཐོས་རྒྱ་མཐོང་རྒྱ་གོང་མཐོར་གཏོང་བར་ཕན་ཐོགས་ཆེ་བའི་ལས་རིམ་ཞིག་ལ་ངོས་འཛིན་བྱེད་བཞིན་པར་བརྟེན། སྒེར་སློབ་ཁག་ནང་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་སློབ་ཕྲུག་གི་ཕ་མ་ཁག་ཅིག་ནས་ཟབ་སྦྱོང་འདི་ནང་སྒེར་སློབ་ཁག་གི་འཛིན་རིམ་བཅུ་པའི་བོད་རིགས་སློབ་ཕྲུག་རྣམས་ལ་ཡང་འཛུལ་ཞུགས་ཆོག་པའི་གོ་སྐབས་གནང་སྐྱོང་ཡོང་བའི་འབོད་སྐུལ་འབྱོར་བ་ལྟར། འདི་ལོ་ནས་བཟུང་སྒེར་སློབ་ཁག་གི་བོད་རིགས་སློབ་ཕྲུག་བུ་ ༨ དང་བུ་མོ་ ༨ ལ་ས་མིག་ཟུར་བཅད་གནང་གཏན་འཁེལ་བའི་གསལ་བསྒྲགས་ཞུ་རྒྱུ་ཡིན། འདི་ལོའི་ཟབ་སྦྱོང་ཡང་ཕྱི་ལོ་ ༢༠༡༧ ཟླ་ ༡༢ ཚེས་ ༢༧ ནས་ཕྱི་ལོ་ ༢༠༡༨ ཟླ་ ༡ ཚེས་ ༣ བར་ཉིན་གྲངས་བརྒྱད་རིང་དྷ་ཤོད་བོད་ཁྱིམ་དུ་གོ་སྒྲིག་ཞུ་གཏན་འཁེལ་སོང་ན། སྒེར་གྱི་སློབ་གྲྭ་ཁག་ནང་ཕྱི་ལོ་ ༢༠༡༧།༢༠༡༨ སློབ་དུས་ནང་འཛིན་རིམ་བཅུ་པར་སློབ་སྦྱོང་བྱེད་བཞིན་པའི་བོད་རིགས་དོན་གཉེར་ཅན་ཁྲོད་ནས་ཟབ་སྦྱོང་འདི་ནང་ཞུགས་འདོད་ཡོད་རིགས་རྣམས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༣༡ འགྱངས་མེད་གཤམ་གསལ་ཁ་བྱང་ཐོག་སྙན་ཞུ་ཕུལ་འབྱོར་ཟིན་པ་དགོས་རྒྱུ་དང་། སྙན་ཞུ་མཉམ་སྙན་འབུལ་བ་རང་ཉིད་འདི་ལོར་འཛིན་རིམ་བཅུ་པར་སློབ་བཞིན་པའི་སློབ་གྲྭའི་ངོས་སྦྱོར་རམ་ཡང་ན་ཁུངས་སྐྱེལ་ཡིག་ཆ་ཞིག་ཀྱང་མཉམ་སྦྱར་ཞུ་དགོས། གལ་ཏེ་སྙན་འབུལ་བ་ཟུར་བཅད་ས་མིག་ལས་མང་བ་བྱུང་ཚེ་སྙན་ཞུ་འབྱོར་སྔ་རྟིང་གཞིར་བཟུང་འདེམས་སྒྲུག་གནང་སྟེ། འདེམས་ཐོན་བྱུང་བའི་སློབ་མ་རྣམས་ལ་གློག་འཕྲིན་དང་ཁ་པར་བརྒྱུད་བརྡ་ལན་འབུལ་རྒྱུ་དང་། འགྲིམ་འགྲུལ་ཟུར་ཕོགས་སོགས་འཛིན་རིམ་བཅུ་པའི་སློབ་ཕྲུག་གཞན་རྣམས་དང་གཅིག་མཚུངས་འབུལ་རྒྱུ་ཡིན། གོང་གསལ་དུས་བཀག་རྗེས་སུ་འབྱོར་བའི་སྙན་ཞུ་རིགས་ལ་ངོས་ལེན་ཞུ་རྒྱུ་མིན་པ་བཅས་ཚང་མའི་ཐུགས་སྣང་ཡོང་བའི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༧ ཟླ་ ༡༠ ཚེས་ ༦ ལ།།

SECRETARY
Department of Education, CTA
Gangchen Kyishong, Dhramsala-176215 (HP)
Tel: 01892-222572/222721
Email: academic@tibet.net | doe.traditional@tibet.net

Share with your friends










Submit