མདུན་ཤོག » Featured Mobile » Flash Mobile » གསར་གནས། » པར་རིས་གནས་ཚུལ། »

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་བྱ་རྒྱུར་རྒྱབ་སྐྱོར་ཡོད།

Share with your friends










Submit

༢༠༡༧ ཟླ་ ༩ ཚེས་ ༤ རེས་གཟའ་ཟླ་བ།

གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་ལན་ལོ་ཝེན་ཐལ་ Alan Lowenthal མཆོག་དང་ལྷན།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་ལན་ལོ་ཝེན་ཐལ་ Alan Lowenthal མཆོག་དང་མཇལ་འཕྲད་གནང་སྟེ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དང་བཙན་བྱོལ་བོད་མིའི་གནས་སྟངས་སྐོར་གླེང་མོལ་གནང་འདུག  སྐབས་དེར་སྐུ་ཞབས་ཨ་ལན་ལོ་ཝེན་ཐལ་མཆོག་གིས་བོད་ཡུལ་རྒྱ་ཡུལ་དུ་སྒྱུར་བཞིན་པ་དངོས་སུ་མཐོང་བཞིན་ཡོད་པ་དང་།  བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་དང་ཛ་དྲག་གི་གནས་སྟངས་ཤིག་ཆགས་ཡོད་སྐོར།  དེ་བཞིན་ཨ་རིའི་གཞུང་གིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་གནང་བཞིན་པའི་སྲིད་བྱུས་སོགས་ལུང་འདྲེན་གནང་སྐབས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་ཆེད་འབད་བརྩོན་གནང་རོགས་ཞུ་སྐབས་ཁོང་གིས་ངེས་པར་དུ་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་གསུངས།

གྲོས་ཚོགས་འཐུས་མི་ལྕམ་སྐུ་ཇུ་ཌི་ཅུ་ Judy Chu མཆོག་དང་ལྷན།

དེ་ཡང་ལྷོ་ཁེལ་ལི་ཕོར་ནི་ཡ་བོད་རིགས་མཐུན་ཚོགས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་གསོལ་ཚིགས་འདེགས་འབུལ་ཞུ་སྐབས་མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཇུ་ཌི་ཅུ་ Judy Chu མཆོག་དང་ཨ་ལན་ལོ་ཝེན་ཐལ་ Alan Lowenthal མཆོག དེ་བཞིན་ཝེ་སི་མིན་སི་ཊར་  Mayor of Westminster ས་གནས་ཀྱི་གྲོང་སྡེའི་སྤྱི་ཁྱབ་པ་ཊི་ཊ་  Tri Ta  སོགས་གྲོང་སྡེའི་སྤྱི་ཁྱབ་པ་ཁག་གཅིག་ཕེབས་འདུག

གྲོས་ཚོགས་འཐུས་མི་རྣམས་དང་། བྱང་ཁེལ་ལི་ཕོར་ནི་བོད་རིགས་མཐུན་ཚོགས་ཀྱི་ཚོགས་མི་རྣམས་དང་ལྷན།

སྐབས་དེར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨ་ལན་ལོ་ཝེན་ཐལ་ Alan Lowenthal མཆོག་གིས་བོད་ནང་གི་གནས་སྟངས་ངོ་སྤྲོད་གནང་བ་དང་ལྷན་དེ་སྔ་ཁོང་རང་ཉིད་བོད་དུ་ཨ་རིའི་དམིགས་བསལ་སྐུ་ཚབ་ཚོགས་ཆུང་གི་ཚོགས་མིའི་ཁོངས་སུ་འཚམས་གཟིགས་སུ་བསྐྱོད་སྐབས་གཟིགས་ཚུལ་ཇི་བྱུང་སྐོར་ངོ་སྤྲོད་གནང་།

ཝེ་སི་མིན་སི་ཊར་གྲོང་སྡེའི་སྤྱི་ཁྱབ་པ་ Mayor of Westminster ཊི་ཊ་ Tri Ta སོགས་དང་ལྷན།

ཕྱོགས་མཚུངས་ཁེལ་ལི་ཕོར་ནི་ཡ་མངའ་སྡེའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཇུ་ཌི་ཅུ་ Judy Chu མཆོག་གིས་བལ་ཡུལ་དང་རྒྱ་གར་ནང་གི་བོད་མིའི་གནས་སྟངས་རྒྱུས་ལོན་སླད་འཚམས་གཟིགས་སུ་ཕེབས་པའི་གཟིགས་ཚུལ་སྐོར་དང་།  ལྷག་པར་སྐབས་དེར་ཚོགས་ཆུང་གི་ཚོགས་གཙོ་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནེན་སི་པེ་ལོ་སི་མཆོག་གིས་དབུ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་གི་བོད་མི་དང་བོད་དོན་ཐོག་གདུང་སེམས་མཉམ་སྐྱེའི་རྣམ་པ་ཤུགས་ཆེ་བཏོན་པ་དང་འབྲེལ།  བཞུགས་སྒར་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་པའི་སྐོར་སོགས་གསུང་པ་དང་ཆབས་ཅིག  ཨ་རིའི་གཞུང་གིས་རང་དབང་དང་མང་གཙོར་གཞིར་བཟུང་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་གསལ་ཆེད་བོད་རྒྱ་འབྲེལ་མོལ་སྐྱར་གསོ་ཡོང་སླད་རྒྱབ་སྐྱོར་མུ་མཐུད་གནང་བཞིན་ཡོད་སྐོར་དང་།  གྲོས་ཚོགས་འཐུས་མི་ཁོང་རྣམས་ཀྱིས་བོད་མིའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཧ་ཅང་ཞུ་བཞིན་ཡོད་སྐོར།

ཝེ་སི་མིན་སི་ཊར་གྲོང་སྡེའི་སྤྱི་ཁྱབ་པ་ Mayor of Westminster ཊི་ཊ་ Tri Ta སོགས་དང་ལྷན།

ལྷག་པར་༸གོང་ས་མཆོག་གི་ལམ་སྟོན་འོག་གྲོས་ཚོགས་འཐུས་མི་ཁོང་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སླད་སྙིང་སྟོབས་འཕེལ་བཞིན་ཡོད་སྐོར་གསུངས།

དེ་ཉིན་ཕྱེད་ཡོལ་སྲིད་སྐྱོང་མཆོག་ཝེ་སི་མིན་སི་ཊར་གྲོང་སྡེའི་སྤྱི་ཁྱབ་པ་ Mayor of Westminster ཊི་ཊ་  Tri Ta  སོགས་ཀྱིས་གཙོས་གནད་ཡོད་མི་སྣ་ཁག་གཅིག་དང་།  གྲོང་སྡེ་ལས་ཁུངས་ཀྱི་ལས་བྱེད་དང་ཉེན་རྟོག་རུ་དཔོན་སོགས་དང་མཇལ་འཕྲད་གནང་ནས་གྲོང་སྡེ་ལས་ཁུངས་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་གསོལ་ཚིགས་འདེགས་འབུལ་ཞུ་འདུག

གྲོང་སྒེའི་སྤྱི་ཁྱབ་པ་ཊི་ཊ་མཆོག་དང་ལྷན།

 

Share with your friends










Submit