མདུན་ཤོག » Flash Mobile » གསར་གནས། »

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར།

Share with your friends










Submit

ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༣

སྔོན་གླེང་།

༄༅། །འཛམ་གླིང་སུམ་གཉིས་ས་ཡི་དཀྱིལ་འཁོར་ལ་མངའ་དབང་བསྒྱུར་མྱོང་བའི་བོད་གདོང་དམར་ཁ་བ་གངས་ཅན་པ་ཚང་ནི། ཤར་ཕྱོགས་ཨེ་ཤ་ཡའི་རྒྱལ་ཁབ་རིམ་པའི་ནང་ནས་ཆབ་དཔལ་རིག་གསུམ་གྱི་ལོ་རྒྱུས་རིང་ཞིང་། ཆོས་སྲིད་ཟུང་དུ་འབྲེལ་བའི་རིག་གཞུང་གཏིང་ཟབ་ཡོད་པའི་རྒྱལ་ཁབ་སྟོབས་ལྡན་ཞིག་བྱུང་ཡོད། དཔའ་མཛངས་རྟུལ་ཕོད་འགྲན་ཟླ་དང་བྲལ་བའི་བོད་རྒྱལ་བཙན་པོ་དག་གིས་རིག་གཞུང་སྙིགས་འདོར་བཅུད་ལེན་གྱིས་རང་རིགས་ཡར་ཐོན་ཅན་ཏུ་བྱས་པའང་བགྲང་དུ་མེད། དེ་ལས་བཙན་པོ་སྲོང་བཙན་གྱིས་ཁོས་སུམ་ཅུ་སོ་དྲུག ལྷ་ཆོས་དགེ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་སོགས་སྲོལ་བཏོད་ནས་ཆོས་དཔལ་རིག་གསུམ་ལ་བྱས་རྗེས་འབུར་དུ་མངོན། ཁྱད་པར་བཀས་མངགས་བཞིན་ཐོན་མི་སམ་བྷོ་ཊ་སོགས་བོད་ཕྲུག་བློ་གསལ་ཅན་རྣམས་ཀྱིས་རིན་ཆེན་སྲོག་དང་བསྡོང་ནས་བོད་ལ་བརྡ་སྤྲོད་རིག་གཞུང་ཆ་ཚང་བར་བྱས། རིམ་པས་ལྷག་བསམ་དང་སྙིང་སྟོབས་གཡུར་ཏུ་ཟ་བའི་མཁས་ཆེན་དུ་མས། བོད་འདི་དཀའ་སྡུག་གི་འགག་འཕྲང་མང་པོ་ལས་བསྐྱབས་ཏེ། གཞན་ལ་མེད་པའི་ཆོས་དང་རིག་གཞུང་སོགས་ད་ལྟའི་མི་རབས་བར་བརྒྱུད་སྤེལ་གནང་ཡོད་པ་འདི་ཡིན། འདི་ནས་མི་རབས་རྗེས་མའི་ཕྲག་ཏུ་གྲ་མ་ཉམས། དྲི་མ་ཡལ་བར་བརྒྱུད་སྤྲོད་བྱེད་མ་ཐུབ་ན་འུ་ཚོའི་མི་རབས་འདི་ནི། བོད་ཀྱི་སྐད་ཡིག་རིག་གཞུང་དམར་གསོད་བྱེད་མཁན་གྱི་ཉེས་ཅན་པ་ཞིག་ཏུ་ཆགས་ངེས་ལ་སོང་།

གྲོས་ཆོད།

ད་ཕན་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མཛད་སྒོ་ཆེ་ཆུང་གང་ཡིན་དང་། དེ་བཞིན་དབུས་ས་ཡན་ལག་དང་བཅས་པས་རྒྱུན་འབྲེལ་གཙོ་བོ་རང་གི་སྐད་ཡིག་བེད་སྤྱོད་དགོས་པའི་གྲོས་ཆོད་དུ།

གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ཐོག་ཚད་མཐོའི་མང་མོས་ཀྱིས་གཏན་འབེབས་གནང་། ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༢ ལ།།

Share with your friends










Submit