ཟླ་བ་ ༩ ཚེས ༢༨ ༢༠༡༧
Published By Bhara Yeshi

ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༨ རེས་གཟའ་ཕུར་བུ།

༄༅། །སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཨི་ཊ་ལིར་ཆིབས་སྒྱུར་དང་མཛད་འཕྲིན་སྐོར་ཨི་ཊ་ལིའི་རྒྱལ་ཡོངས་གསར་འགྱུར་བརྒྱུད་ལམ་འདྲ་མིན་ནང་གནས་ཚུལ་ཁྱབ་སྤེལ་ཤུགས་ཆེ་བྱུང་བ་མ་ཟད། གྷུ་གྷལ་དྲ་བ་གཅིག་པུའི་ནང་གནས་ཚུལ་བརྒྱ་ལྷག་ཐོན་ཡོད། བརྒྱུད་ལམ་དེ་ཚོའི་ནང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་འཚེ་མེད་ཞི་བདེའི་བསླབ་བྱ་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་བཅས་ཀྱི་ལམ་སྟོན་བཀའ་སློབ་ཁག་གི་སྐོར་གནས་ཚུལ་ཁྱབ་སྤེལ་ཤུགས་ཆེ་ཕྱིན་ཡོད།
ཕྱོགས་མཚུངས་ཨི་ཏ་ལིའི་གཞུང་མང་གཉིས་ནས་ཀྱང་དད་གུས་ཆེན་པོས་༧གོང་ས་མཆོག་ལ་ཕེབས་བསུ་གཟབ་རྒྱས་ཞུས་པ་དང་ཆབས་ཅིག་ གྲོང་ཁྱེར་མེ་སི་ན་ངོས་ནས་ཞི་བདེ་དང་དྲང་བདེན། དེ་བཞིན་འཚེ་མེད་ཞི་བའི་དེད་དཔོན་གྱི་གཟེངས་རྟགས་ཞིག་དང་། ཨི་ཊ་ལིའི་པི་ས་གཙུག་ལག་སློབ་གཉེར་ཁང་ནས་༧གོང་ས་མཆོག་ལ་ཆེ་བསྟོད་དང་འབྲེལ་ནང་པའི་ཚན་རིག་ཐོག་ནས་རླབས་ཆེན་གྱི་མཛད་རྗེས་ལ་ཆེ་བསྟོད་ཀྱི་ཕྱག་ཁྱེར་  Honorary Masters Degree འབུལ་ལམ་ཞུས་ཡོད་པ་མ་ཟད། ཨི་ཊ་ལིའི་སི་སི་ལིའི་མངའ་སྡེའི་པ་ལེར་མོའི་གྲོང་ཁྱེར་གཉིས་ནས་ཆེ་བསྟོད་མི་སེར་གྱི་མཚན་གནས་གཟེངས་རྟགས་བཅས་འབུལ་ལམ་ཞུས་ཡོད།
རྩ་བའི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨེ་ཌི་ལིའི་ནང་ཕྱི་ལོ་ ༡༩༧༣ ལོར་ཆིབས་སྒྱུར་ཐེངས་དང་པོ་བསྐྱངས་པ་ནས་བཟུང་ད་བར་ཡུལ་དེར་ཆིབས་སྒྱུར་ཐེངས་ ༢༩ བསྐྱངས་ཡོད་པ་བཅས།།

Share with your friends










Submit