མདུན་ཤོག » Featured Mobile » Flash Mobile » གསར་གནས། » པར་རིས་གནས་ཚུལ། »

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཀྱི་ཕྱག་འཁྱེར་འབུལ་ལམ་ཞུས་པ།

Share with your friends










Submit

ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༢ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༡ ཉིན་ཨི་ཊ་ལིའི་ཌ་སི་ཀ་ནི་ Tuscany མངའ་སྡེའི་པི་ས་ Pisa གྲོང་ཁྱེར་ནང་ཡོད་པའི་པི་ས་གཙུག་ལག་སློབ་གཉེར་ཁང་དུ་ནང་ཆོས་ནས་གསུང་པའི་ཚན་རིག་དང་ལྟ་གྲུབ་ཀྱི་རྣམ་གཞག་དང་ཚན་རིག་དབར་གྱི་བགྲོ་གླེང་ལྷན་ཚོགས་ཉིན་མཐའ་མའི་སྐབས་པི་སཱ་གཙུག་ལག་སློབ་གཉེར་ཁང་ནས་སྤྱི་ནོར་༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་དང་སྦྲགས། ནང་པའི་ཚན་རིག་ཐོག་ནས་རླབས་ཆེན་གྱི་མཛད་རྗེས་བསྐྱངས་པར་ཆེ་བསྟོད་ཀྱི་ཕྱག་འཁྱེར་ Master’s Degree Honoris Causa in Clinical and Health Psychology འབུལ་ལམ་ཞུས་འདུག

དེ་ཡང་ཆེ་བསྟོད་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོའི་ཐོག་པི་ས་གཙུག་ལག་སློབ་གཉེར་ཁང་གི་རེག་ཌར་ Paolo Mancarella ལགས་ཀྱིས་ཕྱི་ཟླ་ ༩ ཚེས་ ༢༡ ཉིན་མོ་ནི་རྒྱལ་སྤྱིའི་ཞི་བདེ་ཉིན་མོ་ཡིན་པ་མ་ཟད། ༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཞིག་ཡིན་ཞེས་མང་ཚོགས་ལ་ངོ་སྤྲོད་ཞུས་པ་དང་ལྷན། ༧གོང་ས་མཆོག་གིས་ད་བར་ནང་ཆོས་ནས་གསུང་པའི་ཚན་རིག་དང་ལྟ་གྲུབ་རྣམ་གཞག་ཐོག་ནས་རླབས་ཆེན་གྱི་མཛད་རྗེས་བསྐྱངས་དང་སྐྱོང་མུས་ལ་ཆེ་བསྟོད་ཀྱི་ཕྱག་འཁྱེར་དེ་འབུལ་ལམ་ཞུས་པ་ཞིག་ཡིན་སྐོར་གསུངས།

སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་རང་ནང་པའི་དགེ་སློང་ཞིག་ཡིན་པའི་ཁར་ཚན་རིག་པ་ཞིག་ཀྱང་ཡིན་བསམ་བཞིན་ཡོད། ཕྱག་འཁྱེར་འདིས་ངོས་ལ་སེམས་ཤུགས་འཕར་མ་སྦྱིན་སོང་། ད་ལྟ་ངོས་རང་ལོ་ ༨༢ ལ་སླེབ་ཡོད། ད་དུང་ལོ་ ༡༥་་་༢༠ ཙམ་ལྷག་ཡོད་པ་དེའི་རིང་སེམས་ཀྱི་ཚན་རིག་སྐོར་སྔར་ལྷག་ཤུགས་རྒྱག་རྒྱུ་ཡིན། གཙུག་ལག་སློབ་གཉེར་ཁང་གི་འབྲེལ་ཡོད་རྣམས་ནས་ཆེ་བསྟོད་ཀྱི་ཕྱག་འཁྱེར་གནང་བར་ཐུགས་རྗེ་ཆེ་ཞེས་སོགས་ཀྱི་བཀའ་སློབ་སྩལ། །

Share with your friends










Submit