མདུན་ཤོག » Featured Mobile » Flash Mobile » གསར་གནས། » པར་རིས་གནས་ཚུལ། »

སུད་སི་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་དཀའ་ངལ་སེལ་རོགས།

Share with your friends










Submit

༢༠༡༧ ཟླ་ ༩ ཚེས་ ༨ རེས་གཟའ་པ་སངས།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།   དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ནས་མང་གཙོའི་དུས་དྲན་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་གདན་ཞུས་ལྟར་ཆེད་ཕེབས་གནང་བ་བཞིན་ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༣༡ ནས་ཟླ་ ༩ ཚེས་ ༦ བར་ཉིན་གྲངས་བདུན་རིང་སུད་སི་རྒྱལ་ཁབ་ནང་གི་གཞུང་འབྲེལ་ལས་དོན་ཡོངས་སུ་ལེགས་གྲུབ་བྱུང་འདུག

དེ་ཡང་ཕྱི་ཚེས་ ༤ ཉིན་དཔལ་ལྡན་ཚོགས་གཙོ་མཆོག་སུད་སི་འཛུ་རིག་གྲོང་ཁྱེར་གྱི་ Government Councillor སྐུ་ཞབས་མ་རི་ཡི་ཕེར་  Mario Fehr མཆོག་དང་། སུད་སི་འཛུ་རིག་གྲོང་ཁྱེར་གྱི་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་བུར་ཀི་ Martin Burki  མཆོག་དང་ལྷན་མཇལ་འཕྲད་གནང་བ་དང་། ཕྱི་ཚེས་ ༥ ཉིན་སུད་སི་རྒྱལ་ས་བྷན་ (Bern) དུ་སུད་བོད་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ Thomas Buchli  ལགས་སོགས་ནས་གོ་སྒྲིག་གནང་བ་ལྟར།

དེ་སྔོན་སུད་སི་རྒྱལ་ཡོངས་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་དང་། སུད་སི་གྲོས་ཚོགས་འཐུས་མི་ལྕམ་སྐུ་མ་ཡ་ག་རབ་  Maya Graf  མཆོག་དང་། གྲོས་ཚོགས་འཐུས་མི་ལྕམ་སྐུ་ Prisca Birrer Heimo མཆོག་བཅས་ལྷན་མཇལ་འཕྲད་ཀྱིས་ད་ལྟའི་བོད་ནང་གི་ཁོར་ཡུག་ཉམས་ཆགས་སུ་འགྲོ་བཞིན་པའི་གནས་སྟངས་སྐོར་དང་། བོད་ནང་རྒྱ་ནག་གཞུང་གི་མཁྲེགས་འཛིན་སྲིད་བྱུས་ཀྱིས་བོད་མི་རྣམས་མི་བཟོད་པར་རང་ལུས་མེར་སྲེག་གནང་བཞིན་པའི་སྐོར། བོད་ཀྱི་སྐད་ཡིག་གལ་ཆེའི་སྐོར། བོད་ནང་མི་སེར་སྤེལ་བའི་སྲིད་བྱུས་བཟུང་སྟེ་རྒྱ་རིགས་མི་འབོར་ཕོན་ཆེ་སྤོ་ཤུགས་གནང་རྐྱེན་བོད་རིགས་རྣམས་གྲངས་ཉུང་མི་རིགས་སུ་འགྱུར་བཞིན་པའི་སྐོར། དེ་བཞིན་བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས། བོད་མི་ཚོར་ཆོས་དད་རང་དབང་མེད་པའི་གནས་སྟངས་སྐོར་བཅས་ཀྱི་ཐོག་འགྲེལ་བརྗོད་གནང་བ་མ་ཟད་གནས་སྟངས་དེ་དག་ཐོག་སེམས་འཚབ་དང་སྦྲགས་གོ་བསྡུར་ལྷུག་པོ་གནང་ཡོད་འདུག

དེ་བཞིན་སུད་སི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་ནས་བོད་ཀྱི་ཁོར་ཡུག་སྐོར་ལ་དམིགས་བསལ་ལས་འགུལ་སྤེལ་རྒྱུའི་ཁས་ལེན་གནང་ཡོད།   ཞོར་དུ་སུད་སིའི་ནང་བོད་མིའི་སྐྱབས་བཅོལ་བའི་གནས་སྟངས་སྐོར་ལ་དཀའ་སེལ་ཇི་དགོས་འཛུ་རིག་གྲོང་ཁྱེར་གྱི་དཔོན་རིགས་ཁག་དང་། སུད་སིའི་གྲོས་ཚོགས་ཀྱི་འཐུས་མི་བཅས་ལ་དམིགས་བསལ་གྱི་ཐབས་ལམ་ཇི་ཡོད་འཚོལ་གནང་ཡོང་བའི་འབོད་སྐུལ་བཅས་ཞུས་གནང་ཡོད། མཇལ་འཕྲད་སྔ་རྗེས་སུ་ཕྱོགས་བཞུགས་སྤྱི་འཐུས་ཟམ་མདོ་བྱམས་པ་ཚེ་རིང་མཆོག་དང་། སུད་སི་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་ལགས། སུད་སིའི་ས་གནས་བོད་རིགས་མི་མང་གི་ཚོགས་གཙོ་ཚོགས་གཞོན་བཅས་ལྷན་བཅར་ཞུས་ཡོད་འདུག

ཕྱི་ཚེས་ ༦ ཉིན་དཔལ་ལྡན་ཚོགས་གཙོ་མཆོག་སུད་སིའི་བོད་མི་གནད་ཡོད་མི་སྣ་རྣམས་ཀྱིས་འཛུ་རིག་གནམ་ཐང་ནས་ཕེབས་སྐྱེལ་དང་བཅས་ལྡི་ལིར་ཕྱིར་ཕེབས་གནང་ཡོད་པ་དང་། ཕྱི་ཚེས་ ༨ ཉིན་བཞུགས་སྒར་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་པ་བཅས།།

Share with your friends










Submit