མདུན་ཤོག » Flash Mobile » གསར་གནས། »

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༦ ཐོག་བོད་དོན་ཤུགས་ཆེ་གླེང་འདུག

Share with your friends










Submit

༢༠༡༧ ཟླ་ ༩ ཚེས་ ༡༣ རེས་གཟའ་ལྷག་པ།

༄༅། །འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ UN High Commissioner for Human Rights ཚོགས་གཙོ་སྐུ་ཞབས་པི་རིན་སི་ཛེ་དི་རཱཌ་ཨལ་ཧུ་སེན་མཆོག་ Prince Zeid Ra’ad Al Hussein གིས་རྒྱལ་སྤྱིའི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༦  ཐོག་བོད་དོན་ཤུགས་ཆེ་གླེང་འདུག

སྐབས་དེར་ཚོགས་གཙོ་མཆོག་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཞིང་གཤེགས་མཆོག་དང་། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་ལས་འགུལ་སྤེལ་མཁན་བཀྲ་ཤིས་དབང་ཕྱུག་ལགས་རྣམ་གཉིས་ཀྱི་གནད་དོན་གཙོ་བཟུང་ཐོག་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྐོར་གླེང་སློང་ཤུགས་ཆེ་གནང་འདུག

དེ་ཡང་ཚོགས་གཙོ་མཆོག་གིས་སྤྱིར་དེང་སྐབས་འཛམ་གླིང་སྤྱི་ཡོངས་ཀྱི་གནས་སྟངས་ཛ་དྲག་ཏུ་འགྲོ་བཞིན་པ་དེར་སེམས་འཚབ་དང་སྦྲགས། འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཆེད་འབད་བརྩོན་སྔར་ལྷག་གནང་དགོས་པའི་རེ་འདུན་ཡང་བཏོན་འདུག  སྐབས་དེར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཞིང་གཤེགས་མཆོག་དང་རྒྱ་རིགས་མང་གཙོ་དོན་གཉེར་བ་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་སྐུ་ཞབས་ལིའུ་ཞའོ་པོ་ Liu Xiaobo མཆོག་བཙོན་ཁང་ནང་འདས་གྲོངས་སུ་གྱུར་བའི་སྐོར་སོགས་གསལ་འདོན་གནང་འདུག

སྤྱིར་ཟླ་བ་འདིའི་འགོ་སྟོད་དུ་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་པས་ Human Right Watch སྙན་ཐོ་ཞིག་བཏོན་པའི་ནང་རྒྱ་ནག་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བཞིན་པ་དེར་དངོས་ཤུགས་བརྒྱུད་གསུམ་ནས་འགོག་རྐྱེན་ཇི་ལྟར་བཟོ་བཞིན་པ་གསལ་འདོན་གནང་ཡོད།

ཕྱོགས་མཚུངས་ཟླ་བ་སྔོན་མའི་ནང་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཆོས་དད་རང་དབང་གི་གནས་སྟངས་ཐོག་ལོ་འཁོར་སྙན་ཐོ་བཏོན་པའི་ནང་།   རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་གི་ནང་ཆོས་བྱེད་རབ་བྱུང་ཕོ་མོ་རྣམས་ཀྱི་རྒྱུན་ལྡན་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་བསྒྲགས་བསུན་གཙེར་བཟོ་བཞིན་པའི་སྐོར་ཞིབ་ཕྲ་འཁོད་ཡོད་པ་བཅས།།

Share with your friends










Submit