མདུན་ཤོག » Flash Mobile » བརྒྱུད་ལམ་གཞན་གྱི་གསར་གནས། »

མགོ་ལོག་ཁུལ་དུ་རི་ཉིལ་ནས་བོད་མི་ ༧ རྐྱེན་ལམ་དུ་ཤོར་ཡོད་པའི་གནས་ཚུལ་ཐོན་འདུག

Share with your friends










Submit

༢༠༡༧ ཟླ་ ༩ ཚེས་ ༡ རེས་གཟའ་པ་སངས།

མགོ་ལོག་ཁུལ་དུ་རི་ཉིལ་བའི་གནོད་འཚེའི་ཁྲོད་བོད་མི་ ༧ རྐྱེན་ལམ་དུ་ཤོར་འདུག

༄༅། །བརྒྱུད་ལམ་གཞན་གྱིས་གནས་ཚུལ་གསལ་འདོན་ལྟར་ན། ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༣༠ ཉིན་གྱི་ཐོ་རེངས་ཆུ་ཚོད་ ༤།༣༠ ཡས་མས་སུ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ཁོངས་རྭ་རྒྱ་རྡལ་གསེར་ཆེན་སྡེ་བར་རི་ཉིལ་བའི་རྐྱེན་གྱིས་ས་གནས་ཀྱི་བོད་མི་བདུན་གྱི་ཚེ་སྲོག་ཤོར་འདུག

ཐོག་མའི་ཆར་ཁ་སང་མགོ་ལོག་ཁུལ་རྨ་ཆེན་རྫོང་ར་རྒྱ་གྲོང་རྡལ་གསེར་ཆེན་སྡེ་བར་རི་ཉིལ་བའི་གནོད་འཚེ་བྱུང་སྟབས། གསེར་ཆེན་སྡེ་བའི་འབྲོག་ཁྱིམ་གསུམ་གྱི་མི་དགུ་དང་སྒོ་ཕྱུགས་སེམས་ཅན་བརྒྱ་ལྷག་ས་འོག་ཏུ་ཚུད་འདུག་པ་དང་། ཁ་སང་ཉིན་རྒྱབ་ཚོུད་ ༢།༠༠ བར་གྱི་ས་གནས་གཞུང་གིས་མྱུར་སྐྱོབ་གནང་ནས་ས་འོག་ཏུ་ཚུད་པའི་མི་རྣམས་རྙེད་འདུག་ཀྱང་། དེ་དག་ཁྲོད་ནས་བདུན་གྱི་ཚེ་སྲོག་ཤོར་ཡོད་པ་དང་མི་གཉིས་ལ་རྨས་སྐྱོན་ཚབས་ཆེ་ཕོག་འདུག

ད་རེས་ཀྱི་རི་ཉིལ་བའི་འཇིགས་པ་དེའི་འོག་ས་གནས་འབྲོག་པའི་སྒོ་ཕྱུགས་སེམས་ཅན་བརྒྱ་ལྷག་ཤི་འདུག་པ་མ་ཟད། ད་ལྟའི་ཆར་ས་གནས་ཡོངས་རྫོགས་ཆར་ཆུས་འཁྱིལ་ཡོད་པ་དང། སྨད་རྒྱུད་ཀྱི་འབྲོག་དམངས་ ༦༠ ལྷག་བདེ་འཇགས་ངང་ས་གནས་གཞན་དུ་གནས་སྤོས་ཟིན་ཡོད་པ་རེད་འདུག །

Share with your friends










Submit