མདུན་ཤོག » Flash Mobile » གསར་གནས། »

དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་དང་མཇལ་འཕྲད་གནང་བ།

Share with your friends










Submit

ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༢ རེས་གཟའ་པ་སངས།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༢༡ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཀེར་མི་ R.K.Khrimey ལགས་ཀྱིས་སྣེ་ཁྲིད་པའི་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་གྲངས་ ༤དང་། ས་གནས་ཁག་འདྲ་མིན་གྱི་རྒྱུན་ལས་ཚོགས་མི་གྲངས་ ༩ བཅས་དང་ལྷན་མཇལ་འཕྲད་གནང་ཡོད།

དེ་ཡང་ཚོགས་འདུའི་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྐུ་ཚབ་འཐུས་མི་རྣམས་ལ་བོད་དོན་སླད་ལྷག་བསམ་གཡོ་མེད་ཀྱི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ལམ་ལུགས་སྐོར་དང་། ད་ལྟའི་བོད་ནང་གི་ཆབ་སྲིད་གནས་སྟངས། བོད་མིའི་སྒྲིག་འཛུགས་ནས་དབུ་མའི་ལམ་གཞི་རྩར་བཟུང་བའི་ཐོག་བོད་དོན་བདེན་མཐའ་གསལ་ཐབས་གནང་བཞིན་ཡོད་སྐོར་ངོ་སྤྲོད་གནང་ཡོད།

རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་འཐུས་མི་རྣམས་བཞུགས་སྒར་རྡ་སར་ཉིན་གྲངས་གསུམ་རིང་གི་འཚམས་གཟིགས་སྐབས་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ལམ་ལུགས་དང་ལས་དོན་གནང་ཕྱོགས་སྐོར་སོགས་ཀྱི་སྐོར་རྒྱུས་ལོན་གནང་རྒྱུ་ཡིན་འདུག

སྤྱིར་ཉིན་གྲངས་གསུམ་གྱི་འཚམས་གཟིགས་རིང་སྐུ་ཚབ་འཐུས་མི་རྣམས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་ལྷན་མཇལ་འཕྲད་གནང་རྒྱུ་མ་ཟད། ད་ལྟ་འཚོགས་བཞིན་པའི་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ཟུར་ཉན་དུའང་བཅར་རྒྱུ་ཡིན་འདུག་པ་བཅས།།

Share with your friends










Submit