མདུན་ཤོག » Flash Mobile » གསར་གནས། » གསལ་བསྒྲགས། » སྤྱི་ཡོངས་གསལ་བསྒྲགས། »

ཆོས་དགེའི་ས་མིག་གསལ་བསྒྲགས།

Share with your friends










Submit

༢༠༡༧ ཟླ་ ༩ ཚེས་ ༧ རེས་གཟའ་ཕུར་བུ།

༄༅།།སྡེ་ར་ལྡུན་དྭང་སློབ་ཏུ་ RT LAMA ཞེས་དམག་མི་རྣམས་ལ་ནང་ཆོས་ངོ་སྤྲོད་དམ་ཆོས་ཕྱོགས་ནས་སློབ་གསོ་གོ་བསྐོན་གནང་མཁན་ཆོས་དགེ་དམིགས་བསལ་བསྐོ་གཞག་གནང་ལམ་ཡོད་པ་བཞིན། ཐེངས་འདིར་ཆོས་དགེ་གཅིག་ཛ་དྲག་ཐོག་འདེམས་སྒྲུག་གནང་རྒྱུ་ལགས་པ་ན། དགེ་སློང་ཡིན་པ། ཆོས་སྡེ་སློབ་གཉེར་ཁང་ནས་ནང་པའི་གཞུང་ཆེན་ཁག་གི་སློབ་གཉེར་ཐོན་པ།  རང་ལོ་ ༣༥ ནས་ ༤༠ བར་ཡིན་པ། ལུས་སེམས་བདེ་ཐང་ཡིན་པ་བཅས། གོང་གསལ་ཆ་རྐྱེན་ཚང་ཞིང་ཆོས་དགེར་ཕེབས་འདོད་ཡོད་པ་རྣམས་ཀྱིས། འབྲེལ་ཡོད་དགོན་པའི་མཁན་པོའམ་ས་གནས་འགོ་འཛིན་གྱི་རྟགས་ཐམ་འཁོད་པའི་སློབ་ཐོན་ལག་འཁྱེར། སྐྱེས་ཚེས་ལག་འཁྱེར། འབུལ་འབབ་གཙང་ཕུལ་དཔྱ་ཁྲལ་ལག་དེབ།

རྒྱ་གར་གཞུང་ནས་བརྩལ་བའི་ཨར་སིའམ་  R.C སྐྱབས་བཅོལ་ལག་དེབ་བཅས་ཀྱི་ངོ་བཤུས་དང་། ཚད་ལྡན་སྨན་ཁང་ཞིག་ནས་ལུས་སེམས་བདེ་ཐང་ཡོད་པའི་རྒྱབ་རྟེན་ངོས་སྦྱོར་བཅས་མཉམ་སྦྱར་ཐོག དགེ་སློང་གི་སྡོམ་པ་ཞུ་ལོ་དང་ཞུ་ཡུལ་མཁན་པོའི་འཚང་སྙན་འདི་ག་ལས་ཁུངས་སུ་ ༢༠༡༧ ཟླ་ ༩ ཚེས་ ༢༨ ནང་ཚུད་ངེས་འབྱོར་འབུལ་གནང་ཡོང་བ་དེ་དོན་དགོངས་འཇགས་ཞུ།  བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཕྱི་ལོ ༢༠༡༧ ཟླ་ ༩ ཚེས་ ༦ ལ།།

ངོ་བཤུས། བདེ་སྲུང་ལས་ཁུངས།
དྭང་སློབ་དབུས་སྤྱི་ཁྱབ་ལས་ཁང་།

འཚང་སྙན་འབུལ་ཡུལ།
Secretary
Department of Religion and Culture
Central Tibetan Administration
P.O Dharamsala-176215
District Kangra, H.P
Email:religion@tibet.net

Share with your friends










Submit