ཟླ་བ་ ༨ ཚེས ༡༨ ༢༠༡༧
Published By Bhara Yeshi

ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡༨ རེས་གཟའ་པ་སངས།
༄༅། །འདི་གར་ཅོན་ཏ་ར་ནང་ཆེན་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བར་ལམ་ཇོ་གིན་དྷར་ན་སྒར་ནས་མན་ཌི་དབར་མངའ་སྡེ་འགྲུལ་སྐྱེལ་རླངས་འཁོར་ HRTC གཉིས་ཆར་ཤུགས་རྐྱེན་གྱིས་ས་རུད་འོག་ཏུ་ཕྱིན་ཏེ་འགྲུལ་པ་གྲངས་ལྔ་བཅུ་ལྷག་ཙམ་ཞིག་རྐྱེན་འདས་སུ་སོང་ཡོད་འདུག

གནས་ཚུལ་དེ་དག་ཐོས་མ་ཐག་སྦིར་བོད་མིའི་གཞིས་ཆགས་ཁག་གསུམ་གྱི་མི་མང་དགོན་སྡེ་ཚོགས་པ་བཅས་ནས་ཕྱར་བ་གྲུ་འདེགས་ཀྱི་ཐོག་ནས་རང་རང་སོ་སོའི་དཔལ་འབྱོར་གནས་བབ་ལ་གཞིགས་ཏེ་གདུང་སེམས་མཉམ་སྐྱེ་མཚོན་སླད་དཔལ་འབྱོར་གྱི་མཐུན་འགྱུར་མི་ཉུང་བ་ཞིག་བསྡུ་རུབ་བྱུང་བ་དེ་དག་ཕྱི་ཚེས་ ༡༧ ཉིན་ཅོན་ཏ་ར་འབིར་ཧིན་བོད་མཛའ་ཚོགས་ཀྱི་གོ་སྒྲིག་ཐོག་ཇོ་གྷིན་དྷར་ནཱ་སྒར་མགྲོན་ཁང་ཨེན་ཤི་ནང་གསར་འགོད་གསལ་བསྒྲགས་ཤིག་གནང་སྐབས་ཅོན་ཏ་ར་སྦིར་ཧིན་བོད་མཛའ་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཇམ་ཝལ་མཆོག་གིས་གཙོས་ཚོགས་མི་རྣམ་པ་དང་། སྦིར་གཞིས་ཁག་གསུམ་གྱི་ས་གནས་འགོ་འཛིན། གྲྭ་ཚང་ཁག་གི་སྐུ་ཚབ། ཚོགས་པ་ཁག་གི་ཚོགས་གཙོ་བཅས་མཉམ་ཞུགས་ཀྱིས་རྐྱེན་འདས་སུ་སོང་བའི་འདས་པོ་དེ་དག་གི་སླད་ཧིན་སྒོར་ ༦༤༠༠༠།༠༠ ཐམ་པའི་དངུལ་འབོར་གྱི་ཅེག་འཛིན་ SDM ལྕམ་སྐུ་ཌིབ་ཊི་མན་ཌོ་ཊར་མཆོག་བརྒྱུད་དེ་མན་ཌི་རྫོང་དཔོན་མཆོག་གི་ཕྱག་ཏུ་འབུལ་སླད་ཧིན་བོད་མཛའ་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་ཕུལ་ཡོད། སྐབས་དེར་ནང་ཆེན་ཚོགས་པའི་ཚོགས་གཙོ་འཇམ་དབྱངས་རྒྱལ་མཚན་ལགས་དང་། ཧིན་བོད་མཛའ་ཚོགས་ཀྱི་འབྲེལ་མཐུད་པ་བསོད་ནམས་གཡུ་རྒྱལ་ལགས། སྦིར་བོད་ཚོགས་ཀྱི་ཚོགས་གཙོ། ནང་ཆེན་ས་གནས་འགོ་འཛིན་འདན་མ་བསོད་ནམས་དབང་འདུས་ལགས་བཅས་ལྷན་བཅར་ཞུས་ཡོད།།

Share with your friends










Submit