མདུན་ཤོག » Flash Mobile » གསར་གནས། »

སྦར་སེལ་སྐུ་ཚབ་དོན་གཅོད་དང་དྲུང་ཆེས་རྒྱ་གར་གཞུང་ཚབ་ཁང་དུ་རང་བཙན་ཉིན་མོ་སྲུང་བརྩི་ཞུའི་མཛད་སྒོ་ཐེངས་ ༧༡ ཐོག་མཉམ་ཞུགས་གནང་བ།

Share with your friends










Submit

༢༠༡༧ ཟླ་ ༨ ཚེས་ ༨ ཚེས་ ༡༧ རེས་གཟའ་ཕུར་བུ།

རྒྱ་གར་གཞུང་ཚབ་པ་མཆོག་དང་ལྷན།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡༥ ཉིན་སྦེལ་ཇམ་ Belgium ནང་ཡོད་པའི་རྒྱ་གར་གཞུང་ཚབ་ཁང་གིས་རྒྱ་གར་རང་བཙན་ཐོབ་པའི་དུས་དྲན་མཛད་སྒོ་ཐེངས་ ༧༡ སྲུང་བརྩི་ཞུ་སྐབས་སྦར་སེལ་སྐུ་ཚབ་དོན་གཅོད་བཀྲ་ཤིས་ཕུན་ཚོགས་ལགས་དང་དྲུང་ཆེ་མཐུ་སྟོབས་རྣམ་རྒྱལ་ལགས་མགྲོན་འབོད་ལྟར་མཛད་སྒོར་མཉམ་ཞུགས་གནང་འདུག

གཞུང་ཚབ་ཁང་གི་འབྲེལ་ཡོད་ལས་བྱེད།

དེ་ཡང་མཛད་སྒོའི་ཐོག་མར་རྒྱ་གར་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་རྗེས་རྒྱ་གླུ་ཕུལ་གྲུབ་མཚམས་རྒྱ་གར་གཞུང་ཚབ་པ་ལྕམ་སྐུ་གྷ་ཡ་ཏྲེ་ཨི་སཱར་ཀུ་མཱར་ Ms Gaitre Issar Kumar མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་མདོར་བསྡུས་ཤིག་གནང་།

སྐབས་དེར་གཞུང་ཚབ་མཆོག་གིས་དེ་ཉིན་རྒྱ་གར་གྱི་སྲིད་འཛིན་མཆོག་དང་སྲིད་བློན་རྣམ་གཉིས་ཀྱི་གསུང་བཤད་ལུང་འདྲེན་གནང་བ་མ་ཟད།  དེ་སྔ་རྒྱ་གར་ཨིན་ཇིའི་དབང་འོག་ཏུ་ཡོད་སྐབས་རང་བཙན་འཐབ་རྩོད་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དྲན་གསོ་ཞུས་འདུག ལྷག་པར་རྒྱ་གར་ཡུལ་འཁོར་ཆེན་པོའི་ནང་སོ་ནམ་འདེབས་ལས་པ་ཚོ་བཀའ་དྲིན་ཇི་ཙམ་ཆེ་མིན་དང་། དེ་བཞིན་ས་མཚམས་སུ་དགྲ་བོར་ཉིན་མཚན་མེད་པར་གདོང་ལེན་གནང་མཁན་རྣམས་ཀྱི་བཀའ་དྲིན་རྗེས་དྲན་ཞུས་འདུག

གསུང་བཤད་ལས་རིམ་གྲུབ་མཚམས་རྒྱ་གར་སྲོལ་རྒྱུན་གྱི་གཞས་སྣ་འཁྲབ་སྟོན་གནང་རྗེས་གསོལ་ཇ་ཞལ་ཏོག་འདེགས་འབུལ་ཞུས་འདུག་པ་བཅས།།

Share with your friends










Submit