མདུན་ཤོག » Flash Mobile » གསར་གནས། »

ཤེས་རིག་བཀའ་བློན་མཆོག་ས་རྭ་མཐོ་སློབ་དབུ་བརྙེས་ནས་ལོ་ངོ་ ༡༩ འཁོར་བའི་མཛད་སྒོར་ཆེད་ཕེབས་གནང་།

Share with your friends










Submit

༢༠༡༧ ཟླ་ ༨ ཚེས་ ༡༦ རེས་གཟའ་ལྷག་པ།

 ༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡༣ ཉིན་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ས་རྭ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དབུ་བརྙེས་ནས་ལོ་ངོ་ ༡༩ འཁོར་བའི་དུས་དྲན་མཛད་སྒོརབོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་དངོས་གྲུབ་ཚེ་རིང་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུས་གནང་ཡོད་འདུག

དེ་ཡང་བཀའ་བློན་མཆོག་གིས་མཛད་སྒོའི་ཐོག་ཐོ་སློབ་ཀྱི་ཡིག་རྒྱུགས་ནང་ཨང་རིམ་རྩེ་ཕུད་སོན་པ་རྣམས་ལ་གཟེངས་བསྟོད་ཀྱི་བྱ་དགའ་གནང་བ་དང་། བོད་མི་ཚང་མས་བོད་ཀྱི་སྐད་ཡིག་བདག་གཅེས་གནང་རྒྱུ་ཤིན་ཏུ་གལ་ཆེ་ཡིན་སྐོར་དང་། ས་རྭ་སློབ་མ་ཚོས་སོ་སོའི་སློབ་ཚན་འདེམ་ཕྱོགས་ནོར་མེད་པས་གཟི་བརྗིད་དང་དགའ་སྤོབས་སྐྱེས་འོས་པ་ཞིག་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད་འདུག

དེ་བཞིན་ས་རྭ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས་མཐོ་སློབ་ཀྱི་ལོ་རྒྱུས་སྙིང་བསྡུས་དང་། ལས་བསྡོམས་སྙན་སྒྲོན་ཞུས་པ་དང་། སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས་ཀྱིས་ཤེས་ཡོན་ཞེས་པ་ཇི་འདྲ་ཞིག་ལ་ངོས་འཛིན་གནང་དགོས་མི་སོགས་ཀྱི་ཐོག་གསུང་བཤད་གནང་ཡོད་འདུག་པ་བཅས།།

Share with your friends










Submit