མདུན་ཤོག » Flash Mobile » གསར་གནས། »

རྒྱ་གར་རང་བཙན་ཐོབ་པའི་ཉིན་མོར་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་རྒྱ་གར་གཞུང་མང་གཉིས་ལ་འཚམས་འདྲི་ཞུས་པ།

Share with your friends










Submit

༢༠༡༧ ཟླ་ ༨ ཚེས་ ༡༥ རེས་གཟའ་མིག་དམར།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡༥ ཉིན་རྒྱ་གར་རྒྱལ་ས་ལྡི་ལི་གཙོ་བོར་གྱུར་བའི་རྒྱ་གར་རྒྱལ་ཡོངས་ཙམ་མ་ཟད། འཛམ་གླིང་ཡུལ་གྲུ་འདྲ་མིན་ནང་གནས་སྡོད་བྱེད་བཞིན་པའི་རྒྱ་གར་ཡུལ་མི་ཚོས། དེ་སྔ་ཕྱི་ལོ་ ༡༩༤༧ ཟླ་ ༨ ཚེས་ ༡༥ ཉིན་རྒྱ་གར་ཨིན་ཇིའི་བཙན་རྒྱལ་ལམ་ལུགས་ཀྱི་དབང་སྒྱུར་འོག་ནས་རང་བཙན་ཐོབ་སྟེ་ད་བར་མི་ལོ་ ༧༡ འཁོར་བའི་ཉིན་མོ་སྲུང་བརྩི་ཞུ་བཞིན་པའི་སྐབས་དང་བསྟུན།

ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་རྡ་སར་རྟེན་གཞི་བྱས་པའི་བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་མདུན་ཐང་དུ་དཔལ་ལྡན་སྲིད་སྐྱོང་མཆོག་དང་ཕྱག་རོགས་བཀའ་བློན་རྣམ་པ། སྲི་ཞུ་བ་དྲུང་འཕར་ཡན་གྱི་ལས་བྱེད་བཅས་ཚང་འཛོམས་ཐོག་རྒྱ་གར་རང་བཙན་ཐོབ་པའི་དུས་ཆེན་ཐེངས་ ༧༡ སྲུང་བརྩི་གཟབ་རྒྱས་ཞུས་ཡོད།

དེ་ཡང་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་རྒྱ་གར་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་བ་དང་ཆབས་ཅིག་ཚང་མས་རྒྱ་གར་རྒྱལ་གླུ་དབྱངས་སུ་གྱེར། དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དུས་ཆེན་ཁྱད་པར་ཅན་སྲུང་བརྩི་གཟབ་རྒྱས་ཞུས་རྗེས་གསར་འགོད་པ་རྣམས་ལ་གསུང་དོན།

དེ་རིང་རྒྱ་གར་ཨིན་ཇིའི་དབང་འོག་ནས་རང་བཙན་ཐོབ་སྟེ་མི་ལོ་ ༧༡ འཁོར་བའི་དུས་ཆེན་ཁྱད་པར་ཅན་ཞིག་ཆགས་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱ་གར་གཞུང་མང་གཉིས་ལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ངས་དུས་ཆེན་ཁྱད་པར་ཅན་སྐབས་འདིར། རྒྱ་གར་ནི་འཛམ་གླིང་ནང་ཡར་རྒྱས་ཕུན་སུམ་ཚོགས་ཤོས་ཀྱི་རྒྱལ་ཁབ་གཅིག་ཆགས་ཐུབ་པ་དང་།   ཡུལ་མི་རྣམས་བདེ་སྐྱིད་ཀྱི་འཚོ་བར་རོལ་ཐུབ་པའི་བཀྲ་ཤིས་སྨོན་འདུན་ཞུ་བཞིན་ཡོད།

ལྷག་པར་བོད་མི་བཙན་བྱོལ་བ་རྣམས་ལ་རྒྱ་གར་གཞུང་མང་གཉིས་ཀྱིས་བཀའ་དྲིན་བསྐྱངས་པ་ནང་བཞིན་འཛམ་གླིང་རྒྱལ་ཁབ་གཞན་སུ་གཅིག་གིས་གནང་མེད་སྟབས། རྒྱ་གར་རང་བཙན་ཐོབ་པའི་ཉིན་མོ་སྲུང་བརྩི་ཞུས་པ་དང་འབྲེལ་དེ་རིང་གོ་སྐབས་འདིའི་བརྒྱུད་ནས་ངས་རྒྱ་གར་གཞུང་མང་གཉིས་ལའང་སྙིང་ཁུང་རུས་པའི་གཏིང་ནས་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་རྒྱུ་ཡིན།  ཞེས་གསུངས།

གཞན་ཡང་སྔ་དྲོ་བཀའ་ཤག་ནང་གི་མཛད་སྒོ་གྲོལ་མཚམས་རྡ་ས་སྐོར་སྲུང་ཉེན་རྟོག་པའི་རྩེད་ཐང་ཆེན་མོའི་རུ་སྒྲིག་མཛད་སྒོར་ཇི་ལྟར་མགྲོན་འབོད་ཞུས་དོན་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག  སྤྱི་འཐུས་ངག་དབང་ཐར་པ་ལགས། བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས། རྡ་ས་ས་གནས་འགོ་འཛིན་ཟླ་བ་རིན་ཆེན་ལགས་བཅས་མཛད་སྒོར་མཉམ་ཞུགས་གནང་ཡོད་པ་བཅས།།

Share with your friends










Submit