མདུན་ཤོག » Flash Mobile » གསར་གནས། »

བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་མཆོག་ལྡི་ལིར་གཞུང་དོན་ཕྱོགས་བསྐྱོད་ལེགས་གྲུབ་བྱུང་བ།

Share with your friends










Submit

༢༠༡༧ ཟླ་ ༨ ཚེས་ ༡༡ རེས་གཟའ་པ་སངས།

With Assisstant Secretary General of Federation

༄༅། །འདི་གར་དཔལ་འབྱོར་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་རྒྱ་གར་དབུས་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་དངོས་ཟོག་དང་ཞབས་ཞུའི་ཁྲལ་བསྡུ་ལས་ཁུངས་ཀྱི་ GST Commissioner  སྐུ་ཞབས་ ཨུ་པེན་དར་གྷུབ་ཏ་ Upendra Gupta མཆོག་དང་མཇལ་འཕྲད་ཀྱིས་དངོས་ཟོག་དང་ཞབས་ཞུའི་ཁྲལ་སྐོར་ལམ་སྟོན་དང་། བཀའ་བསྡུར་ཞུ་དགོས་ཁག་ཞུས།

དེ་ནས་ཕྱི་ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༨་༣༠ ཐོག་རྒྱ་གར་དབུས་གཞུང་ཁྲལ་བསྡུ་ལས་ཁང་གི་ Additional Director General སྐུ་ཞབས་སན་ཇེ་གྷེ་ལོཏ་ Captain Sanjay Gehlot  མཆོག་དང་མཇལ་འཕྲད་གནང་། ཉིན་རྒྱབ་ཆུ་ཚོད་ ༣་༣༠ ཐོག་ Federation of Indian Chamber of Commerce and Industries ( FICCI) དྲུང་ཆེ་གཞོན་པ་སྐུ་ཞབས་ Nirankan Saxena མཆོག་དང་ཁོང་གི་ཕྱག་རོགས་མཉམ་བོད་མིའི་ཡར་ཐོན་ཚོང་ལས་རམ་འདེགས་ལས་གཞིའི་སྐོར་བཀའ་བསྡུར་དང་། ལམ་སྟོན་ཞུ་དགོས་ཁག་ཞུས།

ཕྱི་ཚེས་ ༩ ཉིན་དངོས་ཟོག་དང་ཞབས་ཞུའི་ཁྲལ་བསྡུ་ལྷན་ཚོགས་ GST Council ཀྱི་ཟུང་དྲུང་སྐུ་ཞབས་ Shishank Priya མཆོག་དང་། ཟུང་དྲུང་སྐུ་ཞབས་ Dinesh Rastogi  མཆོག་གི་ཕྱག་རོགས་ལས་བྱེད་ལྷན་དུ་དངོས་ཟོག་དང་ཞབས་ཞུའི་ཁྲལ་སྐོར་བཀའ་བསྡུར་དང་ལམ་སྟོན་ཞུ་དགོས་ཁག་ཞུས། ཉིན་རྒྱབ་ཡར་ཐོན་ཚོང་ལས་རམ་འདེགས་ལས་གཞི་དང་འབྲེལ་བའི་རིང་མིན་འཚོགས་རྒྱུའི་ཚོགས་ཆེན་ ༣ དང་འབྲེལ་བའི་འབྲེལ་ཡོད་མི་སྣ་མཇལ་འཕྲད་གནང་། བཀའ་བློན་མཆོག་དང་ལྷན་དུ་དྲུང་ལས་བསྟན་འཛིན་དབང་རྒྱལ་ལགས་དང་དྲུང་ལས་བསྟན་འཛིན་ནོར་བཟང་ལགས་རྣམ་གཉིས་མཉམ་བཅར་ཞུས་ཡོད་པ་བཅས།།

With GST Council Members of Government of India

With Income Tax Commissioner

Share with your friends










Submit