མདུན་ཤོག » Flash Mobile » གསར་གནས། »

བོད་ནང་ས་ཡོམ་གྱི་གོད་ཆག་ཕོག་པར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སེམས་འཚབ་གནང་བ།

Share with your friends










Submit

༢༠༡༨ ཟླ་ ༨ ཚེས་ ༡༣ རེས་གཟའ་ཉི་མ།

༄༅། །ཕྱི་ཟླ་ ༨ ཚེས་ ༨ ཉིན་བོད་ཀྱི་གཟི་ཚ་སྡེ་དགུའི་རྗོང་ཁུལ་དུ་ས་ཡོམ་བརྒྱབ་པར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་ནས་གོད་ཆག་ཕོག་པའི་མི་མང་རྣམས་ལ་གདུང་སེམས་མཉམ་སྐྱེ་དང་སྦྲགས།   དཀའ་སྡུག་མྱོང་བཞིན་པ་རྣམས་ལ་སེམས་གསོ་གནང་དོན།   

རྔ་པ་གཟི་ཚ་སྡེ་དགུའི་རྗོང་ཁུལ་དུ་ས་ཡོམ་གྱི་གོད་ཆག་ཕོག་པར་ང་རང་བློ་ཕམ་ཧ་ཅང་བྱུང་།  གོད་ཆག་འོག་འདས་གྲོངས་སུ་གྱུར་བ་རྣམས་ལ་མྱ་ངན་ཞུ་རྒྱུ་དང་རྗེས་ཤུལ་ནང་མི་སྤུན་མཆེད་རྣམས་ལ་སེམས་གསོ་ཞུ་རྒྱུ་ཡིན། 

རྫ་དྲག་ངལ་སེལ་ལས་གཞི་འགྲོ་མུས་ཡིན་ཡང་གོད་ཆག་དེ་རིགས་དེང་སྐབས་བོད་མཐོ་སྒང་སྟེང་ཡང་ཡང་འབྱུང་བཞིན་ཡོད་སྟབས་རྒྱུ་རྐྱེན་ངོ་མ་གང་ཡིན་ཐོག་ངེས་པར་དུ་རྩད་ཞིབ་གནང་དགོས།   

རྒྱ་མཚོའི་ངོས་ནས་ཆ་སྙོམ་མཐོ་ཚད་མི་ཊར་ ༤༠༠༠ སྟེང་ཆགས་པ་དང་།  ས་ཁྱོན་ཀི་ལོ་མི་ཊར་གྲུ་བཞི་མ་ས་ཡ་ ༢།༥ ཡོད་པའི་བོད་ཡུལ་འདི་ནི་འཛམ་གླིང་ནང་གི་མཐོ་སྒང་མཐོ་ཤོས་དང་ཆེ་ཤོས་ཡིན།   རྒྱ་ནག་གཞུང་གིས་ས་གནས་བོད་མིའི་ཐོག་དབང་སྒྱུར་བྱེད་ཆེད་འཛུགས་སྐྲུན་ལས་གཞི་ཚད་ལས་བརྒལ་བ་ལག་བསྟར་བྱས་པ་དང་།  ཁོར་ཡུག་ལ་བག་ཚ་སྤུ་ཙམ་མེད་པའི་ཐོག་ནས་ཁྲིམས་མེད་ལུང་མེད་ཀྱི་སྲིད་བྱུས་ལག་བསྟར་བྱས་པའི་ཉེར་ལེན་ལ་བརྟེན་ནས་བོད་མིའི་སྲོལ་རྒྱུན་ལམ་སྲོལ་ཙམ་མ་ཟད།  ཧ་ཅང་འཇིག་སླ་བའི་བོད་མཐོ་སྒང་གི་ཁོར་ཡུག་རྩ་མེད་གཏོང་བཞིན་ཡོད།   ཅེས་འཁོད་འདུག།

Share with your friends










Submit