མདུན་ཤོག » Flash Mobile » གསར་གནས། »

བལ་ཡུལ་སྐུ་ཚབ་དོན་གཅོད་དྲུང་ཆེ་བལ་ཡུལ་ནང་གི་རྒྱ་གར་གཞུང་ཚབ་ཁང་དུ་རང་བཙན་ཉིན་མོ་སྲུང་བརྩི་ཞུས་པའི་མཛད་སྒོ་ཐེངས་ ༧༡ ཐོག་མཉམ་ཞུགས་གནང་བ།

Share with your friends










Submit

ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡༧ རེས་གཟའ་ཕུར་བུ།

༄༅། །འདི་གར་བལ་ཡུལ་སྐུ་ཚབ་དོན་གཅོད་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡༥ ཉིན་བལ་ཡུལ་དུ་རྟེན་གཞི་བྱས་པའི་རྒྱ་གར་གཞུང་ཚབ་ཁང་གི་སྒོ་རེའི་ནང་དུ་གཞུང་ཚབ་ཁང་གི་གཞུང་འབྲེལ་རང་བཙན་ཉིན་མོ་སྲུང་བརྩི་ཞུས་པའི་མཛད་སྒོ་ཐེངས་ ༧༡ བལ་ཡུལ་དོན་ཁང་གི་དྲུང་ཆེ་མཉམ་ཞུགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་གཞུང་ཚབ་ཁང་གི་སྒོ་རའི་ནང་གཞུང་ཚབ་པ་ཆེན་མོ་སྐུ་ཞབས་མན་ཇིབ་སིངྒ་པུ་རི་ Manjeev Singh Puri མཆོག་གིས་གཙོས་གཞུང་ཚབ་ཁང་གི་ལས་བྱེད་དང་། བལ་ཡུལ་དུ་གནས་སྡོད་བྱེད་བཞིན་པའི་རྒྱ་གར་ཡུལ་མི་བཅས་ཁྱོན་མི་གྲངས་ཆིག་སྟོང་ཙམ་འདུ་འཛོམས་གནང་ཡོད་པ་དང་། ཐོག་མར་གཞུང་ཚབ་མཆོག་གིས་རྒྱ་གར་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་རྗེས་རྒྱལ་གླུ་བཏང་། དེ་རྗེས་གཞུང་ཚབ་པ་ཆེན་མོ་མཆོག་གིས་གསུང་བཤད་གནང་གྲུབ་མཚམས་ལོ་ལྟར་བལ་ཡུལ་ནང་སློབ་གྲྭ་དང་ཚོགས་པ་བཅས་ལ་སྣུམ་འཁོར་ཞལ་འདེབས་གནང་།
སློབ་ཕྲུག་ནས་གཞས་སྣ་གཟིགས་འབུལ་དང་རོལ་དབྱངས་རུ་ཁག་ཞིག་ནས་གཞས་སྣ་མང་བཏང་། མཐར་མི་མང་སྐུ་མགྲོན་ཡོངས་ལ་རྟེན་འབྲེལ་མཚོན་སླད་རྒྱ་གར་གྱི་སྲོལ་རྒྱུན་མངར་ཟས་རིགས་འདེགས་འབུལ་ཞུས་ཏེ་མཛད་སྒོ་རྒྱལ་ཁའི་ངང་མཇུག་སྒྲིལ་སོང་། །

Share with your friends










Submit