མདུན་ཤོག » Flash Mobile » གསར་གནས། » གསལ་བསྒྲགས། » སྤྱི་ཡོངས་གསལ་བསྒྲགས། »

ཕྱི་ལོ་ ༢༠༡༨ ལོའི་ Horizon (UWC) སློབ་ཡོན།

Share with your friends










Submit

ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡༨ རེས་གཟའ་པ་སངས།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༨ ལོའི་ Horizon སློབ་ཡོན་ཐོག་རྒྱ་གར་གཙོས་ཕྱི་རྒྱལ་ཡུལ་གྲུ་ཁག་ ༡༧ ནང་ United World College (UWC) དུ་འཛིན་གྲྭ་བཅུ་གཅིག་དང་བཅུ་གཉིས་སློབ་སྦྱོང་བྱ་རྒྱུའི་སློབ་ཡོན་གསལ་བསྒྲགས་ཞུ་རྒྱུ་དང་། རྒྱ་གར་ནང་རྟེན་གཞི་བྱས་པའི་ UWC ལྷན་ཚོགས་དང་ཤེས་རིག་ལས་ཁུངས་ཐུན་མོང་ནས་སློབ་ཕྲུག་འདེམས་སྒྲུག་བྱ་རྒྱུའང་། འཚུད་རྒྱུགས་གཏོང་ཡུལ་དང་དུས་ཚོད་བཅས་སྙན་ཞུ་འབུལ་མཁན་སློབ་གྲྭ་མང་བ་གང་ནས་ཡིན་མིན་ལ་གཞིགས་པའི་གཏན་འབེབས་བྱ་རྒྱུ་ཡིན།

དགོས་ངེས་ཆ་རྐྱེན་ཁག་གཤམ་གསལ།

༡། རྒྱ་གར་དུ་གཏན་སྡོད་ཆོག་པའི་ལག་ཁྱེར་ཁྲིམས་མཐུན་དུས་འགྱངས་བཀའ་འཁྲོལ་ཞུས་པའི་ངོ་བཤུས་སྟེང་། འབྲེལ་ཡོད་ས་གནས་འགོ་འཛིན་དང་། ཡང་ན་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་གནས་རིམ་དང་ཡན་སྲི་ཞུ་བ་ནས་དག་མཆན་འཁོད་པ།

༢། དོ་བདག་རང་ཉིད་དང་ཕ་མའི་དྭང་བླངས་དཔྱ་དངུལ་ ༢༠༡༦།༡༢།༣༡ བར་གཙང་ཕུལ་ཟིན་པའི་ངོ་བཤུས་སྟེང་། འབྲེལ་ཡོད་ས་གནས་འགོ་འཛིན་དང་། ཡང་ན་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་གནས་རིམ་དང་ཡན་གྱི་སྲི་ཞུ་བ་ནས་དག་མཆན་འཁོད་པ།

༣། སློབ་ཕྲུག་གང་ཞིག་བོད་པའི་སློབ་གྲྭ་ནས་འཛིན་རིམ་བཅུ་པ་ཐོན་མེད་ཚེ། ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་འཛིན་རིམ་བཅུ་པའི་ཚད་མཉམ་བོད་ཡིག་འཚུད་རྒྱུགས་གཏང་དགོས།

༤། འཚང་སྙན་འབུལ་མཁན་སློབ་ཕྲུག་རྣམས་འཛིན་རིམ་བཅུ་པའམ་བཅིུག་གང་རུང་ནང་སློབ་བཞིན་པ་དང་། ཕྱི་ལོ་ ༢༠༠༠ ཟླ་ ༩ ཚེས་ ༡ ནས་ཕྱི་ལོ་ ༢༠༠༢ ཟླ་ ༩ ཚེས་ ༡ བར་སྐྱེས་པ་ཞིག་ཀྱང་ཡིན་དགོས།

༥། སློབ་ཡོན་འགེངས་ཤོག་ཞིབ་བཀང་གིས་ཕྱི་ལོ་ ༢༠༡༧ ཟླ་ ༩ ཚེས་ ༣༠ འགྱངས་མེད་ཤེས་རིག་ལས་ཁུངས་སུ་སྦྲག་ཐོག་གམ་ལས་ཁུངས་སུ་ཐད་འབུལ་དགོས་པ་ལས། འགེངས་ཤོག་གློག་འཕྲིན་བརྒྱུད་འབུལ་ཚེ་ངོས་ལེན་གནང་རྒྱུ་མིན་པ་དེ་དོན་དགོངས་འཇགས་ཞུ།

ཟུར་བརྗོད།

༡། ཕྱི་ལོ་ ༢༠༡༧ ནང་ UWC དང་ Pestalozzi གཉིས་ཀྱི་སློབ་ཡོན་སྙན་ཞུ་ཕུལ་ཡོད་ཚེ་གོང་གསལ་དོན་ཚན་དང་པོ་ནས་གསུམ་པ་བར་གྱི་ཡིག་ཆ་ཁག་བསྐྱར་འབུལ་མི་དགོས།

༢། སློབ་གྲྭ་སོ་སོ་ནས་ཤེས་འཇོན་གཉིས་ལྡན་སོགས་ཀྱི་དམིགས་བསལ་སློབ་ཕྲུག་ཡོད་པ་གང་ཞིག་ལོ་ནའི་ཆ་རྐྱེན་བརྒལ་ཡོད་ཚེ། སློབ་གྲྭའི་སློབ་སྤྱི་ནས་དམིགས་བསལ་རྒྱབ་གཉེར་དང་སྦྲགས་སྙན་ཞུ་ཕུལ་ན་འཐུས།

Secretary (UWC 2018)
Department of Education CTA
Gangchen Kyishong
P.O. Dharamsala – 176 215
District Kangra, H.P

For inquiry, please contact:
Ngawang Yonten & Dechen Choedon
Email: doe.lobyon@tibet.net & scholarship@tibet.net
Phone: +91-1892 -222572, 222721
Web: www.sherig.org
FB: www.facebook.com/doe.lobyon/

Share with your friends










Submit