མདུན་ཤོག » Flash Mobile » གསར་གནས། »

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མཱ་ཅལ་མངའ་སྡེའི་ནང་གོད་ཆག་ཕོག་པ་རྣམས་ལ་ཐུགས་གསོ་མཛད་པ།

Share with your friends










Submit

༢༠༡༧ ཟླ་ ༨ ཚེས་ ༡༦ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༡༥ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཝིར་བྷདྲཱ་སིངྒ་  Virbhadra Singh  མཆོག་ལ་ཐུགས་གསོའི་གསུང་འཕྲིན་ཞིག་སྩལ་བའི་ནང་འཁོད་དོན། རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་པ་ཐཱན་ཀོ་ཊི་དང་མན་ཌི་ Pathankot-Mandi  གཞུང་ལམ་ཐོག་ཆར་ཞོད་ཆེ་བའི་རྐྱེན་གྱིས་རེས་གཟའ་སྤེན་པའི་མཚན་མོར་ས་རུད་བྱུང་སྟེ་སྤྱི་སྤྱོད་རླངས་འཁོར་གཉིས་ས་རུད་འོག་ཤོར་ནས་མི་གྲངས་མང་པོའི་ཚེ་སྲོག་ཤོར་བ་དང་ཁག་གཅིག་ལ་རྨས་སྐྱོན་ཚབས་ཆེ་ཕོག་པར་བརྟེན་ངོས་རང་བློ་ཕམ་ཧ་ཅང་བྱུང་།  གོད་ཆག་འདིའི་འོག་ཚེ་སྲོག་ཤོར་བ་རྣམས་ཀྱི་ཤུལ་ལུས་ནང་མི་སྤུན་མཆེད་རྣམས་དང་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་ངོས་ཀྱིས་ཞེ་ཐག་པ་ནས་སེམས་གསོ་ཞུ་རྒྱུ་ཡིན།

ཧི་མཱ་ཅལ་མངའ་སྡེ་འདིར་མཚོན་ན། འདས་པའི་མི་ལོ་ ༥༧ ལྷག་ཙམ་རིང་ངོས་ཀྱི་ནང་ལྟ་བུ་ཆགས་ཡོད་སྟབས་མངའ་སྡེའི་ཡུལ་མི་རྣམས་ལ་རང་བཞིན་གྱིས་སེམས་ཐག་ཉེ་པོ་ཡོང་བཞིན་འདུག  རང་བྱུང་གོད་ཆག་འདི་ལྟ་བུ་ཞིག་ཡོང་རྒྱུ་རེད་ཅེས་སུས་ཀྱང་ཚོད་དཔག་དཀའ་བ་ཞིག་ཡིན་སྟབས་རྐྱེན་མ་ཡོང་གོང་ནས་བཟློག་ཐབས་བྱ་རྒྱུ་ཟེར་བ་དེ་བས་དཀའ་ངལ་གྱི་གནས་སྟངས་ཤིག་ཆགས་ཡོད།  འོན་ཀྱང་མ་འོངས་པར་སྔོན་བརྡ་གཏོང་བྱེད་ཀྱི་ཐབས་ལམ་ཞིག་ལག་བསྟར་ཐུབ་ཚེ་གོད་ཆག་འདི་རིགས་ལས་གཡོལ་ཐུབ་གྱུར་ཕན་ཐོགས་ཡོང་སྙམས།  ཞེས་ཐུགས་གསོ་མཛད་པ་མ་ཟད།  ཏཱ་ལའི་བླ་མའི་ཐེབས་རྩ་ཁང་བརྒྱུད་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཛ་དྲག་ངལ་སེལ་རོགས་རམ་ཐེབས་རྩ་ཁང་ལ་ངལ་སེལ་རོགས་སྐྱོབ་ཆེད་ཞལ་འདེབས་ཕྲན་བུ་ཞིག་ཀྱང་གསོལ་སྩལ་མཛད་ཡོད་པ་བཅས།།

Share with your friends










Submit