མདུན་ཤོག » གསར་གནས། » གསལ་བསྒྲགས། » སྤྱི་ཡོངས་གསལ་བསྒྲགས། »

སྐྱབས་བཅོལ་བོད་ཕྲུག་རྣམས་ལ་སྨན་པའི་སློབ་སྦྱོང་ཆེད་ས་མིག་གཉིས་འཕར་མ་ཟུར་བཅད་གནང་འདུག

Share with your friends










Submit

༢༠༡༧ ཟླ་ ༧ ཚེས་ ༢༨ རེས་གཟའ་པ་སངས།

༄༅། །དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གསལ་བསྒྲགས་གནང་དོན་ལྟར་ན། ཕྱི་ལོ་༢༠༡༧ ནས་ཧིམཱཅལ་མངའ་སྡེ་གཞུང་གིས་སྐྱབས་བཅོལ་བོད་ཕྲུག་རྣམས་ལ་སྨན་པའི་སློབ་སྦྱོང་ཆེད་ས་མིག་གཉིས་འཕར་མ་བཀའ་འཁྲོལ་བསྩལ་ཡོད་འདུག ཟུར་བཅད་ས་མིག་དེ་བཞིན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གི་འབད་རྩོལ་དང་ཤེས་རིག་ལས་ཁུངས་ནས་མཇུག་སྐྱོང་བསྟུད་མར་གནང་བའི་གྲུབ་འབྲས་ཤིག་ཡིན་འདུག གོང་གསལ་ས་མིག་གཉིས་ཏེ་ཌོག་ཊར་བཱཡཱི་ཨེས་པརམཱར་གཞུང་གི་སྨན་སློབ་ཁང་ (Dr. Y. S. Parmar Govt. Medical College, Nahan) དུ་མོན་གྷོ་གཏན་སློབ་གྱི་སློབ་མ་བོུ་བསྟན་འཛིན་ལྷ་སྐྱིད་དང་། པཾཌིཏ་ཇབཱཧརལཱལ་ནེཧརཱུ་གཞུང་གི་སྨན་སློབ་ཁང་ (Pt. Jawaharlal Nehru Govt. Medical College, Chamba) དུ་སེ་ལ་ཀུ་ཡེ་བོད་ཁྱིམ་གྱི་སློབ་མ་བོུ་བསྟན་འཛིན་མཚོ་མོ་གཉིས་ཚུད་ཡོད་འདུག

ད་ལྟ་ཡོད་བཞིན་པའི་ས་མིག་གཉིས་ཀྱི་ཐོག་རྒྱ་གར་རྒྱལ་ཡོངས་སྨན་པའི་འཚང་རྒྱུགས་ཀྱི་གྲུབ་འབྲས་གཞིར་བཟུང་རྩེ་བཏོག་གིས་ཀ་སྦུག་གཏན་སློབ་ཀྱི་སློབ་མ་བོུ་བསྟན་འཛིན་བདེ་ཆེན་དང་། སེ་ལ་ཀུ་ཡི་བོད་ཁྱིམ་གྱི་སློབ་བུ་ཚེ་རིང་བསོད་ནམས་གཉིས་འདེམས་སྒྲུག་དང་། མོན་གྷོ་གཏན་སློབ་ཀྱི་སློབ་མ་ཡེ་ཤེས་ཆོས་སྒྲོན་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱི་ཟུར་བཅད་ས་མིག་ཁོངས་འདེམས་ཐོན་བྱུང་ཡོད། འདི་ཐད་ཤེས་རིག་བཀའ་བློན་མཆོག་ནས་སྤྱི་ཁྱབ་བློན་ཆེན་བཱིརབྷདྲ་སིངྷ་ (Shri Virbhadra Sing) མཆོག་དང་། འཕྲོད་བསྟེན་བློན་ཆེན་ཀཱོལ་སིངྷ་ཋཱཀུར་ (Shri Kaul Singh Thakur) མཆོག་རྣམ་གཉིས་ལ་དམིགས་བསལ་དགོངས་བཞེས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། སློབ་ཕྲུག་དེ་དག་སློབ་ཐོན་རྗེས་བོད་མིའི་སྤྱི་ཚོགས་ནང་ཞབས་འདེགས་ཞུ་རྒྱུ་ཡིན་པའི་འགན་ལེན་གནང་ཡོད་པ་མ་ཟད། ཤེས་རིག་ལས་ཁུངས་ནས་འདིས་བོད་མིའི་གཞིས་ཆགས་ཁག་ཏུ་ཡོད་པའི་སྨན་ཁང་ཁག་ལ་སྨན་པ་འདང་ངེས་མེད་པའི་གནས་སྟངས་དེ་བཟང་དུ་འགྲོ་བའི་ཐུགས་རེ་གནང་གི་ཡོད་ཅེས་བཀའ་གནང་འདུག

 

Share with your friends










Submit