མདུན་ཤོག » གསར་གནས། »

དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཝཱ་ཎ་བོད་ཀྱི་མཐོ་སློབ་ཏུ་ཕེབས་སུ་གཟབ་རྒྱས་ཞུས་པ།

Share with your friends










Submit

༢༠༡༧ ཟླ་ ༧ ཚེས་ ༡༤ རེས་གཟའ་པ་སངས།

དཔལ་ན་ལེནྡྲ།

༄༅། །དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༠༧ ཚེས་ ༡༣ ཉིན་གྱི་ཞོགས་པ་རྒྱ་གར་བྱང་ཕྱོགས་བྷི་ཧཱར་མངའ་སྡེའི་གྲོང་ཁྱེར་གཱ་ཡཱ་ནས་དཔལ་ནལེནྡྲ་དང་བྱ་རྒོད་ཕུང་པོའི་རི་གཉིས་སུ་གནས་མཇལ་དང་ཉིན་རྒྱབ་གཱ་ཡཱ་གྲོང་འཁྱེར་ནས་ཝཱ་རཱ་ཎ་སིར་ཕེབས་ཐོན་གནང་།

བྱ་རྒོད་ཕུང་རི།

ཕྱེད་ཡོལ་་ཆུ་ཚོད་ ༦ རྩམ་ལ་ཝཱ་རཱ་ཎ་སིའི་གྲོང་ཁྱེར་གནམ་ཐང་དུ་ཕེབས་འབྱོར་སྐབས་ཝཱ་ཎཱ་བོད་ཀྱི་མཐོ་སློབ་ཀྱི་ཉེ་བའི་རིགས་བདག་དགེ་བཤེས་ངག་དབང་བསམ་གཏན་མཆོག་དང་དགེ་ལས་སློབ་ཕྲུག་ཁག་གཅིག་གིས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་འདུག

ཝཱ་རཱ་ཎ་སིའི་གནམ་ཐང་དུ།

དེ་རྗེས་གནམ་ཐང་ནས་ཝཱ་ཎ་བོད་ཀྱི་མཐོ་སློབ་ཏུ་ཕེབས་འབྱོར་སྐབས་སློབ་ཕྲུག་རྣམས་ནས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ནས་དགའ་བསུའི་ཕེབས་བསུ་གཟབ་རྒྱས་ཞུས་བསྟུན།  དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙུག་ལག་སློབ་གཉེར་ཁང་གི་ཞི་འཚོ་དཔེ་མཛོད་ཁང་སོགས་སུ་གཟིགས་སྐོར་གནང་ཡོད།

ཝཱ་ཎ་བོད་ཀྱི་མཐོ་སློབ་ཏུ།

ཕྱི་ཚེས་ ༡༤ སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་མཐོ་སློབ་ཀྱི་དགེ་སློབ་ཡོངས་ལ་གསུང་བཤད་གནང་རྒྱུ་དང་ཉིན་རྒྱབ་མཁའ་ལམ་བརྒྱུད་དིལླཱི་དང་དེ་ནས་བཞུགས་སྒར་དུ་ཕེབས་ཐོན་གནང་རྒྱུ་ཡིན་པ་བཅས།།

ཞི་འཚོ་དཔེ་མཛོད་ཁང་།

 

Share with your friends










Submit