མདུན་ཤོག » གསར་གནས། » པར་རིས་གནས་ཚུལ། »

དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཨོ་སི་ཊོ་ལི་ཡའི་གྲགས་ཆེ་བའི་གཏམ་བརྗོད་ཚོགས་ཁང་དུ་གསུང་བཤད་གནང་གཏན་འཁེལ་བ།

༢༠༡༧ ཟླ་ ༧ ཚེས་ ༡༢ རེས་གཟའ་ལྷག་པ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཨོ་གླིང་གཏམ་བརྗོད་ཚོགས་ཁང་གྲགས་ཅན་ Sydney Opera House ཞེས་པའི་ནང་དུ་དུས་རབས་ ༢༡ བོད། ཅེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་གཏན་འཁེལ་འདུག  སྐབས་དེར་གཙོ་བོ་སྲིད་སྐྱོང་མཆོག་གིས་རྒྱ་ནག་དམར་པོའི་དབང་སྒྱུར་འོག་བོད་ནང་གི་དཔལ་འབྱོར་དང་ཁོར་ཡུག  ཆབ་སྲིད། དེ་བཞིན་རིག་གཞུང་བཅས་ལ་འཕྲད་བཞིན་པའི་དཀའ་ངལ་དང་དེར་གདོང་ལེན་གནང་ཕྱོགས་སྐོར་གསུང་བཤད་གནང་རྒྱུ་ཡིན་འདུག

དེ་ཡང་སྲིད་སྐྱོང་མཆོག་གིས་དེའི་སྐོར་གསུང་དོན། རྒྱ་ནག་དམར་པོའི་དབང་སྒྱུར་འོག་བོད་ཀྱི་ཐུན་མིན་ཆོས་དང་རིག་གཞུང་། སྐད་ཡིག ཁོར་ཡུག་དང་བཅས་པ་ཉམ་དམས་སུ་འགྲོ་བཞིན་པའི་དུས་ཚོད་ཧ་ཅང་གཉན་འཕྲང་ཅན་ཞིག་སྒང་ལ་སླེབ་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དོན་ཐོག་རྒྱབ་སྐྱོར་ངེས་པར་དུ་གནང་དགོས་པ་མ་ཟད། བོད་མི་ཚོས་རྒྱ་ནག་དང་ཁ་བྲལ་གྱི་རང་བཙན་མི་རྩོད་པར་དབུ་མའི་ལམ་གྱི་སྲིད་བྱུས་གཞི་ལ་བཞག་སྟེ་འཚེ་མེད་ཞི་བ་གྲོས་མོལ་བརྒྱུད་རང་སྐྱོང་གི་གནས་འབབ་ཚད་ལྡན་ཞིག་ཐོབ་ཐབས་བྱེད་བཞིན་ཡོད།  ཅེས་གསུངས།།

 

Share with your friends










Submit