༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༩ ཉིན་རྡ་ས་མེ་གྷན་དུ་རྟེན་གཞི་བྱས་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པའི་གོ་སྒྲིག་འོག་མཚན་ཞབས་ངག་དབང་རྡོ་རྗེ་མཆོག་རྗེས་དྲན་ཞུ་བ་ཞེས་པའི་བརྗོད་གཞིའི་ཐོག་པར་རིས་འགྲེམས་སྟོན་དང་མཚན་ཞབས་ངག་དབང་རྡོ་རྗེ་མཆོག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་གློག་བརྙན་ཞིག་དབུ་འབྱེད་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས། ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་འཕར་ཚེ་རིང་དབྱངས་སྐྱིད་ལགས། ངག་དབང་རྡོ་རྗེ་ཐེབས་རྩའི་ཚོགས་གཙོ་ཏར་པ་བླ་མ་ལགས། ཀྲན་ཀིན་སེ་ཀེའི་དྷ་སན་ Tunkinsky Datsan གྱི་གཙོ་འཛིན་པ་ཌ་ཤིས་བླ་མ་ལགས། ངག་དབང་རྡོ་རྗེའི་མི་ཐོགས་མཐའ་མ་ལྦི་ལི་ནཱ Vlleana ལགས་དང་ཁོང་གི་ཕྱག་རོགས་ཨེལ་ལྦི་ར་ Elvira ལགས། ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པའི་འགན་འཛིན་གྱིས་གཙོས་འབྲེལ་ཡོད་ལས་བྱེད་རྣམ་པ། མང་ཚོགས་དོན་གཉེར་བ་ཁག་གཅིག ཕྱི་ནང་གི་གསར་འགོད་པ་བཅས་ཚང་འཛོམས་ཀྱིས་ཐོག་མར་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲ་ཤིས་ཕུན་ཚོགས་ལགས་ཀྱིས་མཚན་ཞབས་ངག་དབང་རྡོ་རྗེ་མཆོག་རྗེས་དྲན་ཞུ་བ་ཞེས་པའི་བརྗོད་གཞིའི་ཐོག་དུས་ཐུང་འགྲེམས་སྟོན་གནང་དགོས་པའི་དམིགས་ཡུལ་ཁག་ངོ་སྤྲོད་གནང་གྲུབ་མཚམས་ངག་དབང་རྡོ་རྗེ་ཐེབས་རྩའི་ཚོགས་གཙོ་ཏར་པ་བླ་མ་ལགས་ཀྱིས་གསུང་བཤད་གནང་དོན། ཨུ་རུ་སུའི་ནང་པ་ཡོངས་དང་ཚོགས་པའི་ཚབ་ཞུས་ཏེ་དེ་རིང་འདིར་ཆེད་ཕེབས་གནང་བའི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གཙོས་མཛད་གཙོ་རྣམ་པ་དང་མི་མང་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་དང་དགའ་བསུ་ཞུ་རྒྱུ་ཡིན། དེ་རིང་རྟེན་འབྲེལ་འཛོམས་པ་ཞིག་ལ་གནས་བཟང་པོ་རྒྱ་གར་འཕགས་པའི་ཡུལ་དང་དུས་བཟང་པོ་ས་ག་ཟླ་བའི་ཚེས་བཅོ་ལྔའི་ཉིན་ང་ཚོ་ཚང་འཛོམས་བྱུང་ནས་མཚན་ཞབས་ངག་དབང་རྡོ་རྗེ་མཆོག་གི་པར་རིས་འགྲེམས་སྟོན་གནང་ཐུབ་པ་འདི་དགའ་འོས་པའི་གནས་ཚུལ་ཞིག་ཆགས་བཞིན་ཡོད།
པར་རིས་འགྲེམས་སྟོན་གནང་དགོས་པའི་དམིགས་ཡུལ་གཙོ་བོ་ནི། དེ་སྔ་ནས་ཡོད་པའི་བོད་དང་ཨུ་རུའི་དབར་ཆོས་སྲིད་ཀྱི་འབྲེལ་བ་ཡོད་པ་དེ་དག་མི་ཉམས་རྒྱུན་འཛིན་དང་མ་འོངས་པར་ཡིན་ནའང་རྒྱུན་རིང་པོ་གནས་ཐུབ་པའི་ཆེད་དུ་ཡིན་བཅས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མཚན་ཞབས་ངག་དབང་རྡོ་རྗེ་མཆོག་གི་སྐུ་ཚེའི་ལོ་རྒྱུས་སྐོར་གྱི་གློག་བརྙན་དབུ་འབྱེད་གནང་བ་དང་སྦྲགས་གསུང་བཤད་གནང་དོན། དེ་རིང་འགྲེམས་སྟོན་འདི་ནི་དམིགས་བསལ་ཆོས་ཕྱོགས་ཀྱི་འབྲེལ་བའི་ཐོག་ནས་ཚེས་བཟང་དུས་བཟང་འདིར་ཁེལ་བར་ཡག་པོ་བྱུང་འདུག མཚན་ཞབས་ངག་དབང་རྡོ་རྗེ་ལགས་ཀྱི་ལོ་རྒྱུས་ནང་བལྟ་ཡོང་དུས་ཁོ་རང་དགུང་ལོ་ ༨༠ ལྷག་ཞུགས་ནས་སྐུ་ལས་བསྐྱོན་ཏེ་གྲུབ་འབྲས་སྨིན་པ་བྱུང་འདུག ཁོང་བོད་ལ་ཕེབས་པའི་སྐབས་སུ་དཀའ་ངལ་འཕྲད་ཡོད་ནའང་མཐར་བོད་ལ་ཕེབས་རྗེས་བསླབ་པ་མཐར་སོན་ནས་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ་འདུག སྐབས་དེར་༧གོང་ས་སྐུ་ཕྲེང་བཅུ་གསུམ་པའི་མཚན་ཞབས་བདུན་ཡོད་པའི་ཁོངས་ནས་གཅིག་ཁོ་རང་ཡིན་འདུག
ང་ཚོ་དང་འབྲེལ་བ་ཡོད་པའི་ཁོང་གི་བྱས་རྗེས་ཆེ་ཤོས་ནི་ཕྱི་ལོ་ ༡༩༡༣ ལོར་བོད་སོག་དབར་ཆིངས་ཡིག་བཞག་པའི་སྐབས་བོད་པའི་སྐུ་ཚབ་ཏུ་ཕེབས་ནས་བོད་རང་བཙན་གཙང་མ་ཡིན་པའི་དཔང་རྟགས་དང་ར་སྤྲོད་ཐུབ་པ་ཞིག་བྱུང་ཡོད་པ་ནི་རླབས་ཆེན་གྱི་བྱས་རྗེས་ཞིག་ཡིན་ལ་ཁོང་ནི་ཕྱི་སྲིད་ལ་ཐུགས་སྣང་ཤིན་ཏུ་ཆེན་པོ་ཡོད་པ་ཡང་མཚོན་ཐུབ།
ལོ་རྒྱུས་ཐོག་ནས་ཡིན་ནའང་བོད་རང་བཙན་ཐོག་སྐུ་ལས་བསྐྱོན་པ་འདི་འགྲེམས་སྟོན་འདིའི་ཐོག་ནས་གསལ་པོ་མཚོན་ཐུབ་པ་དེས་གོ་སྒྲིག་ཚོགས་ཚུང་ངོས་ནས་སྐུ་ལས་བསྐྱོན་པར་ངས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་བཅས་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་དེ་རིང་གི་འགྲེམས་སྟོན་འདི་བརྒྱུད་ནས་གནས་ཚུལ་གཉིས་གསལ་འདོན་བྱས་ཡོད་པ་ནི། ང་ཚོ་ལོ་རྒྱུས་ཐོག་ནས་བོད་རང་བཙན་གཙང་མ་ཡིན་པ་དང་། བོད་སོག་དབར་གྱི་འབྲེལ་བ་དམ་ཟབ་ཡོད་པ་མཚོན་ཐུབ་པ་མ་ཟད་བོད་ཀྱི་ལོ་རྒྱུས་གཟི་བརྗིད་ལྡན་པ་ཞིག་ཡིན། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་མཚན་ཞབས་ངག་དབང་རྡོ་རྗེ