མདུན་ཤོག » གསར་གནས། » གསལ་བསྒྲགས། » སྤྱི་ཡོངས་གསལ་བསྒྲགས། »

སློབ་བསྡུ་གསལ་བསྒྲགས་ཕར་འགྱངས།

ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡ རེས་གཟའ་ཕུར་བུ།

སློབ་བསྡུ་གསལ་བསྒྲགས་ཕར་འགྱངས།
ལོ་བཞི་ཅན་གྱི་ལག་ཁྱེར་སློབ་ཚན་ B.Sc. B.Ed. Integrated Course སློབ་བསྡུ་གསལ་བསྒྲགས།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་དང་ཝ་རཱ་ཎཱ་སི་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གཉིས་ཟུང་སྦྲེལ་ཐོག་ཕྱི་ལོ་ ༢༠༡༧ ཕྱི་ཟླ་ ༧ ནང་བྷུན་ཏར་དགེ་འོས་མཐོ་སློབ་ཁང་དུ་འཛིན་རིམ་བཅུ་གཉིས་ཀྱི་ཚན་རིག་སྡེ་ཚན་ཁོངས་ནས་སློབ་ཐོན་སློབ་མ་གྲངས་ ༢༠ ལ་ལོ་བཞི་དུས་ཡུན་ཅན་གྱི་ B.Sc. B.Ed. Integrated Course གོ་སྒྲིག་ཞུ་གཏན་འཁེལ་བ་བཞིན་གཤམ་གསལ་ཆ་རྐྱེན་ཚང་རིགས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༠ འགྱངས་མེད་ཞུ་སྙན་འབུལ་དགོས།

ཀ༽ དགོས་ངེས་ཆ་རྐྱེན།

༡། འཛིན་རིམ་ ༡༢ རྒྱལ་ཡོངས་ཡིག་རྒྱུགས་ནང་བོད་ཡིག་སོགས་ཨང་ཐོབ་ཉུང་མཐར་བརྒྱ་ཆ་ ༦༠ ལོན་དགོས།

༢། འཛིན་རིམ་བཅུ་པའི་ལག་འཁྱེར་དང་། འཛིན་རིམ་བཅུ་གཉིས་ཀྱི་ལག་འཁྱེར་རམ། ཡང་ན་འདི་ལོའི་རྒྱུགས་ཞུགས་ངོ་སྤྲོད་ལག་འཁྱེར་ (Admit Card) གྱི་ངོ་བཤུས།

ཁ༽ སྤྱི་ཡོངས་དགོས་ངེས་ཡིག་ཆ་དང་ཐུགས་སྣང་དགོས་པ།

༡། འདེམས་ཐོན་བྱུང་རིགས་ལ་ ༢༠༡༧ ཟླ་ ༦ ཚེས་ ༢༥ ནང་ཚུད་དོ་བདག་སོ་སོར་གློག་འཕྲིན་ནམ་ཁ་པར་བརྒྱུད་འབྲེལ་ལམ་ཞུ་རྒྱུ།

༢། གནས་ཡུལ་རྒྱལ་ཁབ་ཏུ་གནས་སྡོད་ཆོག་པའི་ཡིག་ཆའི་ངོ་བཤུས།

༣། ཕྱི་ལོ་ ༢༠༡༦ ལོའི་དཔྱ་ཁྲལ་བསྡུ་འབུལ་ཞུས་པའི་ངོ་བཤུས།

༤། གཟུགས་གཞི་བདེ་ཐང་ཡིན་པའི་སྨན་པའི་ངོས་སྦྱོར་ངོ་མ།

༥། སློབ་ཡོན་དང་། ཟས་གྲོན་སོགས་ཤེས་རིག་ལས་ཁུངས་ནས་ནར་གཏོང་གནང་རྒྱུ།

༦། སློབ་ཐོན་ཟིན་མཚམས་ཉུང་མཐར་ལོ་ ༥ སློབ་གྲྭ་ཁག་ཏུ་ཕྱག་ལས་གནང་རྒྱུའི་ཁས་ལེན་ཞུ་དགོས།

༧། འདེམས་སྒྲུག་གནང་ཕྱོགས་འཛིན་རིམ་ ༡༢ ཡིག་རྒྱུགས་གྲུབ་འབྲས་ལ་གཞི་བཅོལ་རྒྱུ།

༨། ཞུ་སྙན་འགེངས་ཤོག་ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ་ www.sherig.org ནས་ཕབ་ལེན་གྱིས་ཞིབ་ཕྲ་བཀང་སྟེ་གཤམ་གསལ་ཁ་བྱང་ཐོག་སྦྲག་བརྒྱུད་ཤེས་རིག་ལས་ཁུངས་སུ་དུས་བཀག་ནང་ཚུད་འབྱོར་ཟིན་པ་དགོས།

༩། གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་སྟེང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་ཡན་ནམ། ས་གནས་འགོ་འཛིན། ཡང་ན་སློབ་གྲྭའི་སློབ་སྤྱི་སུ་རུང་གི་དག་མཆན་ལས་དམ་འཁོད་དགོས་པ་བཅས། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡ ལ།།

The Secretary
Department of Education, CTA
Gangchen Kyishong
Dharamsala ‐ 176215, Distt. Kangra, H.P. India

Share with your friends










Submit