མདུན་ཤོག » གསར་གནས། » གསལ་བསྒྲགས། »

འབུམ་ཚོགས་གསལ་བསྒྲགས།

Share with your friends










Submit

༢༠༡༧ ཟླ་ ༦ ཚེས་ ༢༣ རེས་གཟའ་པ་སངས།

༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་༸རྒྱལ་བའི་སྐུ་ཕྱྭ་དང་བསྟན་སྲིད་ཞབས་རིམ་དུ་དམིགས་ཏེ་ལོ་ལྟར་བོད་ཟླ་ ༥ པའིི་ནང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་མཐུན་འགྱུར་ཐོག་མ་ཧཱ་གུ་རུའི་འབུམ་ཚོགས་འབུལ་གཤོམས་གནང་གི་ཡོད་པ་བཞིན། བོད་རྒྱལ་ལོ་ ༢༡༤༤ མེ་བྱ་ལོའི་འབུམ་ཚོགས་དེ་ཉིད་འདི་ལོའི་བོད་ཟླ་ ༥ ཚེས་ ༦ ནས་ ༡༠ ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༩ ནས་ཟླ་ ༧ ཚེས་ ༣ བར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བསྐྱང་གཏན་འཁེལ་ཞིང་། ཚོགས་ཐུན་ཟུར་སྦྱར་རེའུ་མིག་ལྟར་གནང་རྒྱུ་ལགས་ན། བསླབ་གསུམ་འཕགས་ནོར་བདུན་གྱིས་ཐུགས་རྒྱུད་གཏམས་པའི་སྐྱབས་གནས་འཕགས་ཚོགས་འདུས་པ་རྒྱ་མཚོས་གཙོས་མི་མང་རྣམས་ནས་ཚོགས་ཞུགས་ངེས་གནང་ཡོང་བ་དང་། དེང་འཆར་དེ་ལྟའི་འདུས་ཚོགས་སུ་གསོལ་ཇ་དང་གསོལ་ཚིགས་འབུལ་གཏོང་སྐབས་ཤོག་ཕོར་རིགས་བཀོལ་སྤྱོད་བྱ་རྒྱུར་འཁོར་ཡུག་གཙང་འཕྲོད་རྐྱེན་པས་དཀའ་ངལ་འཕྲད་བཞིན་འདུག་པར་བརྟེན། འབུམ་ཚོགས་སྐབས་སྔ་དགོང་གསོལ་ཇ་དང་ཉིན་གུང་གསོལ་ཚིིགས་འབུལ་བཞེས་ཆེད་སོ་སོའིི་བཞེས་ཆས་ལྷན་དུ་བསྣམས་ཕེབས་ཡོང་བ་ཞུ་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༧ ལ།།

Share with your friends










Submit