མདུན་ཤོག » གསར་གནས། » གསལ་བསྒྲགས། » སྤྱི་ཡོངས་གསལ་བསྒྲགས། »

བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་སློབ་ཕྲུག་གསར་འདེམས་གསལ་བསྒྲགས།

Share with your friends










Submit

ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༧ རེས་གཟའ་མིག་དམར།

༄༅། །འདི་ཕྱི་གཉིས་ཀྱི་༸སྐྱབས་གནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་འཛམ་གླིང་ཁྱོན་ཡོངས་ནང་བོད་ཀྱི་ཆོས་དང་རིག་གཞུང་དར་ཁྱབ་ཧ་ཅང་ཤུགས་ཆེ་འགྲོ་མུས་བཞིན། བོད་ཀྱི་ཟློས་གར་ཚོགས་པའི་གནས་བབ་དང་བསྟུན་ནས་བོད་ཀྱི་རྩ་ཆེའི་རིག་གཞུང་རྒྱུན་འཁྱོངས་དར་སྤེལ་སྔར་ལྷག་འབྱུང་ཐབས་སུ་སྒྱུ་རྩལ་བ་སློབ་ཕྲུག་བུ་གྲངས་ ༡༥ དང་བུ་མོ་ ༡༥ བཅས་སློབ་ཡོན་ཆག་ཡང་ཐོག་གསར་འཇུག་ཞུ་རྒྱུའི་ཆ་རྐྱེན་གཤམ་གསལ།

ཀ༽  འཚང་རྒྱུགས་ཆ་རྐྱེན།

༡།      བོད་ཀྱི་སྒྱུ་རྩལ་རིག་གཞུང་ལ་དོ་དབྱིངས་ཡོད་པ།

༢།      རང་ལོ་ ༢༠ ལས་མ་བརྒལ་བ།

༣།      གཟུགས་པོའི་མཐོ་ཚད། 4.10ft – 5.6ft མ་བརྒལ་བ།

༤།      སྒྲ་གདངས་དང༌མི་བབ་གང་ལེགས་ཡོད་པ།

༥།      ཤེས་ཚད་ཉུང་མཐའ་འཛིན་རིམ་ ༨ ཐོན་པའི་ལག་འཁྱེར་ངོ་བཤུས།

༦།      དྭང་བླང་དཔྱ་དངུལ་གཙང་ཕུལ་ཟིན་པའི་ངོ་བཤུས།

༧།      གཟུགས་ཁམས་བདེ་ཐང་ཡིན་པའི་སྨན་པ་ཚད་ལྡན་གྱི་ངོས་སྦྱོར།

ཁ༽  ཐུགས་སྣང༌།

༡།      ལོ་གསུམ་རིང་རྐང་བྲོ་གླུ་གཞས་དང། གཏམ་བརྗོད། ལྷ་མོ་སོགས་ཀྱི་སྦྱོང་བརྡར་དང། ལོ་གཉིས་མཚམས་སྦྱོར་ཐོན་རྗེས་ཚོད་བལྟའི་བྲོ་པ་གཞོན་པར་འདེམས་སྒྲུག་བྱ་རྒྱུ།

༢།      དགོས་མཁོའི་ཡིག་ཆའི་ངོ་བཤུས་ཁག་ལ་ས་གནས་འགོ་འཛིན་ནམ་ཟུང་སྦྲེལ་དྲུང་ཆེ་ཡན་གྱི་དག་མཆན་འཁོད་དགོས།

༣༽     ལོ་ལྔ་རིང་གི་སྦྱོང་བརྡར་དུས་ཡུན་རིང་ནད་མནར་སྨན་བཅོས་ཁོངས་སོ་སོས་གཏོང་དགོས་རྒྱུ་དང། བོད་ཀྱི་ཟློས་གར་ཚོགས་པའི་སྒྲིག་གཞི་གཞི་བཟུང་དུས་ཡུན་མ་ཟིན་གོང་དགོངས་ཞུས་རིགས་ནས་སློབ་ཡོན་ཆ་ཚང་གཏན་འབེབས་ལྟར་གྱི་ཕྱིར་སློག་དགོས་རྒྱུ།

 

བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་སློབ་ཕྲུག་ཁོངས་འཛུལ་ཞུགས་བྱ་བློ་ཡོད་རིགས་ནས་ཕྱི་ལོ་ ༢༠༡༧ ཟླ་བ་ ༠༧ ཚེས་ ༣༠ ནང་ཚུད་སྙན་ཤོག་ཕུལ་འབྱོར་ཟིན་པ་དགོས་རྒྱུའི་གསལ་བསྒྲགས་སུ། བོད་ཀྱི་ཟློས་གར་ཚོགས་པའི་ཡིག་ཚང་ནས། ཕྱི་ལོ་ ༢༠༡༧ ཟླ་བ་ ༠༦ ཚེས་ ༢༡ ལ། །

Share with your friends










Submit