མདུན་ཤོག » གསར་གནས། » གསལ་བསྒྲགས། » སྤྱི་ཡོངས་གསལ་བསྒྲགས། »

གསལ་བསྒྲགས།

Share with your friends










Submit

ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༤ རེས་གཟའ་ལྷག་པ།

༄༅། །བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་སྟངས་འཛིན་འོག་བོད་མིའི་སྒྲིག་འཛུགས་ལས་ཁུངས་མ་ལག་ཁག་གི་ལས་བྱེད་རྣམ་པར་ལྡིི་ལིའི་ཉེ་འདབས་སཽ་ཎི་པཱཌ་ (Sonepat) བྱ་བའི་ས་གནས་སུ་ཡོད་པའི་ཨཽ་པི་ཇིན་ཌཱལ་མཐོ་རིམ་སློབ་གཉེར་ཁང་དུ་ (OP Jindal University) འགོ་འཁྲིད་དང་འཛིན་སྐྱོང་རིག་པའི་སྐོར་དུས་ཐུང་སྦྱོང་བརྡར་སྤྲོད་པའིི་ལས་འཆར་ཞིག་འགྲོ་མུས་ཁོངས། ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༧ ནས་ ༡༦ བར་ཉིན་གྲངས་བཅུ་རིང་འདི་ག་ལས་ཁུངས་ཀྱི་ཁྱབ་ཁོངས་ཆོས་སྡེ་ཁག་གི་ལས་སྣེ་ ༢༠ ལ་གོང་གསལ་སྦྱོང་བརྡར་གྱི་གོ་སྐབས་བསྐྲུན་འདུག་པ་དང་། སློབ་ཁྲིད་ཀྱི་སྐད་ཡིག་ཧིན་དྷི་དང་དབྱིན་ཇི་ཐོག་ནས་གནང་རྒྱུ་ཡིན་འདུག་པར་བརྟེན། དགོན་པའི་ལས་གནས་འཛིན་པ་དང་། ཧིན་དྷི་དང་དབྱིན་ཇིའི་སྐད་ཡིག་ཤེས་མཁན་རྣམས་ནས་གོང་གསལ་སྦྱོང་བརྡར་ནང་མཉམ་ཞུགས་གནང་འདོད་མཆིས་ཚེ། སོ་སོའི་ཞལ་པར་ཨང་གྲངས་བཅས་མཚན་ཐོ་འདི་ག་ཆོས་རིག་ལས་ཁུངས་སུ་འདི་ཟླའི་ཚེས་ ༣༠ ནང་ཚུད་གནང་སྐྱོང་ཡོང་བ་ཞུ་རྒྱུ་དང་འབྲེལ། མཚན་ཐོ་འབྱོར་སྔ་རིམ་བཞིན་དགོན་པ་རེ་ནས་མི་རེ་འདེམས་སྒྲུག་གནང་རྒྱུ་ལགས་པ་བཅས་ཀྱི་གསལ་བསྒྲགས་སུ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༤ ལ།།

Share with your friends










Submit