༢༠༡༧ ཟླ་ ༥ ཚེས་ ༩ རེས་གཟའ་མིག་དམར།
༄༅། །སྐུ་ཞབས་ཨེ་མེ་ནུ་ཨལ་མེཀ་རོན་ Emmanuel Macron མཆོག་ཕ་རན་སིའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་རྒྱལ་ཁ་ཐོབ་སྟེ་ཡུལ་དེའི་སྲིད་འཛིན་དུ་འོས་འདེམས་བྱུང་བར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༨ ཉིན་འཚམས་འདྲི་ཞུས་པའི་ནང་འཁོད་དོན།
སྐུ་ཉིད་མཆོག་དང་སྐུ་ཉིད་མཆོག་ གི་ཆབ་སྲིད་ཚོགས་པར་ཐེངས་འདིར་ ཕ་རན་སིའི་སྲིད་འཛིན་འོས་བསྡུ་ ཆེན་མོའི་ནང་རྒྱལ་ཁ་ཐོབ་པར་ངས་ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ དང་གཞིས་བྱེས་བོད་མི་ཡོངས་ཀྱི་ ཚབ་ཞུས་ཏེ་སྙིང་ཐག་པ་ནས་དགའ་བསུ འི་འཚམས་འདྲི་ཞུ་རྒྱུ་ཡིན། ངས་སྐུ་ཉིད་མཆོག་གི་དབུ་ཁྲིད་ ལས་ཡུན་རིང་མི་མང་གི་མངོན་འདོད་ ལྟར་ལས་དོན་མཐའ་དག་བྱ་བ་ལམ་ལྷོ ང་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་།
གོ་སྐབས་འདི་བཟུང་ནས་དེ་སྔ་ཕྱི་ ལོ་ ༢༠༡༦ ལོར་ཕ་རན་སིའི་རྒྱལ་ས་པེ་རི་སི་ ནང་སྐུ་ཉིད་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོ ན་ཆེན་པོ་མཆོག་དང་མཇལ་འཕྲད་ཀྱི ས་བོད་ཀྱི་གནད་དོན་ཐོག་གདུང་སེ མས་མཉམ་སྐྱེ་གནང་བར་ངས་སྐུ་ཉིད་མཆོག་ལ་བཀའ་དྲིན་ཆེ ་ཞུ་རྒྱུ་ཡིན།
སྐུ་ཉིད་མཆོག་གི་སྲིད་གཞུ ང་གསར་པས་བོད་ནང་གི་འགྲོ་བ་མིའི ་ཐོབ་ཐང་ཇེ་སྡུག་ཏུ་འགྲོ་བཞིན་ པའི་གནས་སྟངས་སྤྱི་དང་། ལྷག་པར་བོད་ཀྱི་གནད་དོན་མགྱོགས་མྱུར་གསལ་སླ ད་མུ་མཐུད་རྒྱབ་སྐྱོར་ཡོང་བའི་རེ་བ་དང་འབོད་སྐུ ལ་ཞུ་རྒྱུ་ཡིན།
ངས་སྐུ་ཉིད་མཆོག་དང་སྐུ་ཉིད་མཆོ ག་གི་ཆབ་སྲིད་ཚོགས་པའི་ལས་དོན་ མཐའ་དག་བྱ་བ་ལམ་ལྷོང་ཡོང་བའི་སྨོ ན་འདུན་ཞུ་རྒྱུ་ཡིན།།