༢༠༡༧ ཟླ་ ༥ ཚེས་ ༢༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཨ་རིའི་སྲིད་གཞུང་གསར་པའི་འོག་རྒྱལ་ས་ལྦ་ཤིང་ཌོན་དུ་གཞུང་འབྲེལ་ཕྱོགས་ཕེབས་ཐེངས་དང་པོའི་སྐབས་ཨ་རིའི་དམངས་གཙོ་ཚོགས་པ་དང་། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་གནང་བ་མ་ཟད། མང་ཚོགས་བདེ་དོན་ཇུས་འགོད་སློབ་སྟོན་ཚོགས་ཆུང་ American Enterprise Institute གི་འགོ་འཁྲིད་རྣམས་དང་་མཇལ་འཕྲད་གནང་ནས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས་དང་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སོགས་འགྲེལ་བརྗོད་གནང་།
ཕྱོགས་མཚུངས་ཨ་རིའི་སྲིད་གཞུང་གསར་པའི་སློབ་སྟོན་ཚོགས་ཆུང་ Heritage Foundation གིས་གོ་སྒྲིག་འོག་མཁས་དབང་དང་ཤེས་ལྡན་མི་སྣ་ཁག་གཅིག་ལ་བོད་དོན་དང་འབྲེལ་བའི་སྐོར་གནས་སྟངས་ངོ་སྤྲོད་བཅས་གནང་། གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་ས་གནས་བོད་རིགས་རྣམས་ཀྱིས་སྣེ་ལེན་དང་སྦྲགས་གསོལ་སྟོན་བཤམས་ཡོད་པ་བཅས།།