མདུན་ཤོག » གསར་གནས། » གསལ་བསྒྲགས། » སྤྱི་ཡོངས་གསལ་བསྒྲགས། »

བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་མ་དངུལ་གསལ་བསྒྲགས།

༢༠༡༧ ཟླ་ ༤ ཚེས་ ༡ རེས་གཟའ་ཟླ་བ།

༄༅། །བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་བོད་ཀྱི་སྲོལ་རྒྱུན་རིག་གཞུང་དང་དེང་རབས་བོད་ཀྱི་བཟོ་རིག་སྒྱུ་རྩལ་རྒྱུན་འཛིན་དང་གོང་སྤེལ་སླད་རྒྱ་བལ་འབྲུག་གསུམ་དུ་གནས་འཁོད་བོད་རིགས་སྒྱུ་རྩལ་བ་དང་ཡང་སྒྱུ་རྩལ་མཁན་གསར་པ་ཐོན་བཞིན་པ་སྤྱིི་སྒེར་རྣམས་ལ་སྒྱུ་རྩལ་རྒྱ་བསྐྱེད་གཏོང་རྒྱུ་དང་། མཁས་རྩལ་རྒྱ་ཁྱབ་གཏོང་བར་རམ་འདེགས་ཞུ་ཕྱིར། བོད་ཀྱི་རིག་གཞུང་དང་། སྐད་ཡིག སྒྱུ་རྩལ་ཁོ་ནའི་ལས་འཆར་ཆེད་ཧིན་སྒོར་ཁྲི་ལྔ་ནས་འབུམ་གསུམ་བར་རོགས་དངུལ་འབུལ་རྒྱུ་ཡིན་པས། གཤམ་གསལ་ཆ་རྐྱེན་ཚང་ཞིང་ལས་འཆར་བྱ་འདོད་ཡོད་རིགས་རྣམས་ནས་ཞུ་སྙན་འགེངས་ཤོག་དང་དགོས་མཁོའི་ཡིག་ཆ་ Word/Excel/pdf གང་རུང་ནང་བཟོས་ཏེ་ཆོས་རིག་ལས་ཁུངས་ཀྱི་གློག་འཕྲིན་ཁ་བྱང་ངམ་སྦྲགས་བརྒྱུད་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༢༠ འགྱངས་མེད་ཕུལ་ཟིན་པ་དགོས།

དགོས་ངེས་ཡིག་ཆ།
ཚོགས་པ།
• ཚོགས་པའི་གཙོ་འཛིན་གྱི་མཚན་རྟགས་དང་ལས་དམ་འཁོད་པའི་འགེངས་ཤོག་སྙན་ཞུ།
• ལས་འཆར་གྱི་འཆར་རྩིས། ༼ཟུར་སྣོན་འཆར་རྩིས་འགེངས་ཤོག་མ་དཔེ་ལྟར་འགོད་དགོས།༽
• སོ་སོའི་ལས་རིགས་ཐོག་ཤེས་མྱོང་ཡོད་པའི་མི་སྣ་གསུམ་ནས་འབྲེལ་སྦྱོར་རྒྱབ་གཉེར་ཡི་གེ་
• ཚོགས་པའི་གཙོ་འཛིན་གྱི་དང་བླངས་དཔྱ་ཁྲལ་ལག་དེབ་ཀྱི་ངོ་བཤུས།
• ཚོགས་པའི་དེབ་སྐྱེལ་ཡིག་ཆའི་ངོ་བཤུས།
• བོད་ཨིན་གང་རུང་ནང་ལས་འཆར་གང་གི་ཆེད་དུ་རོགས་དངུལ་ཞུ་བཞིན་པ་དེའི་འགྲེལ་བརྗོད་ཤོག་ངོས་གསུམ་ནས་ལྔ་བར་འབུལ་དགོས། ༼ཟུར་སྣོན་ལས་འཆར་འབུལ་ཕྱོགས་ལམ་སྟོན་ལྟར་བཀང་དངོས།༽

སྒེར་པ།
• དོ་བདག་གི་མཚན་རྟགས་འཁོད་པའི་དགེངས་ཤོག་སྙན་ཞུ།
• ལས་འཆར་གྱི་འཆར་རྩིས། ༼ཟུར་སྣོན་འཆར་རྩིས་འགེངས་ཤོག་མ་དཔེ་ལྟར་འགོད་དགོས།༽
• སོ་སོའི་ལས་རིགས་ཐོག་ཤེས་མྱོང་ཡོད་པའི་མི་སྣ་གསུམ་ནས་འབྲེལ་སྦྱོར་རྒྱབ་གཉེར་ཡི་གེ །
• དོ་བདག་དང་ཕ་མའམ་བཟའ་ཟླ་ནས་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༣༡ བར་དང་བླངས་དཔྱ་དངུལ་གཙང་འབུལ་ཟིན་པའི་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་ངོས་སྦྱོར་དང་ལག་དེབ་ཀྱི་ངོ་བཤུས། ཕ་མ་བོད་དུ་ཡོད་མཁན་དང་འདས་གྲོངས་སུ་སོང་བ་རྣམས་ནས་ས་གནས་འགོ་འཛིན་གྱི་ངོས་སྦྱོར་མཉམ་སྦྱར་དགོས།
• དོ་བདག་གི་སྐྱབས་བཅོལ་ལག་དེབ་ཀྱི་ངོ་བཤུས།
• བོད་ཨིན་གང་རུང་ནང་ལས་འཆར་གང་གི་ཆེད་དུ་རོགས་དངུལ་ཞུ་བཞིན་པ་དེའི་འགྲེལ་བརྗོད་ཤོག་ངོས་གསུམ་ནས་ལྔ་བར་འབུལ་དགོས། ༼ཟུར་སྣོན་ལས་འཆར་འབུལ་ཕྱོགས་ལམ་སྟོན་ལྟར་བཀང་དངོས།༽

ཐུགས་སྣང་། གོང་འཁོད་དགོས་ངེས་ཡིག་ཆ་ཁག་གི་ངོ་བཤུས་སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་ཡན་ནམ། ས་གནས་ འགོ་འཛིན་སུ་རུང་གི་དག་མཆན་ལས་དམ་འཁོད་དགོས།

འདེམས་སྒྲུག་བརྒྱུད་རིམ།
• འདེམས་སྒྲུག་ཆེད་དོན་མི་སྣ་རྣམས་ཀྱིས་སྙན་ཞུ་རྣམས་བསྐྱར་ཞིབ་བྱ་རྒྱུ།
• སྙན་འབུལ་བ་རྣམས་ལ་ཁ་པར་བརྒྱུད་དྲི་ལན་བྱ་རྒྱུ་དང་། རོགས་དངུལ་ཧིན་སྒོར་འབུམ་གཅིག་ཡན་གྱི་ལས་ འཆར་ཕུལ་འབྱོར་རྣམས་ལ་ངོ་འཕྲད་དྲི་ལན་བྱ་རྒྱུ།
• མཐའ་མའི་འདེམས་སྒྲུག་ཟིན་པའི་མི་འགྲོ་རྣམས་ལ་ཕྱི་ལོ་ ༢༠༡༧ ཟླ་ ༧ ཚེས་ ༣༡ ཉིན་འགྱངས་མེད་བརྡ་ ལན་གཏོང་རྒྱུ་བཅས།

ཞུ་སྙན་འབུལ་ཡུལ།
The Secretary
Department of Religion and Culture, CTA
P.O. Dharamsala-176215, District Kangra, H.P.
Email: religion@tibet.net
Phone: 01892-226737 / 222685