མདུན་ཤོག » གསར་གནས། » གསལ་བསྒྲགས། » སྤྱི་ཡོངས་གསལ་བསྒྲགས། »

ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པའི་གློག་བརྙན་མ་དངུལ་གསལ་བསྒྲགས། ༢༠༡༧

Share with your friends










Submit


༄༅། །བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བོད་ཀྱི་བརྙན་འཕྲིན་ཚན་པས་བཙན་བྱོལ་ནང་གི་བོད་མི་གློག་བརྙན་བཟོ་ལས་པ་ཚོའི་སྒྱུ་རྩལ་གོང་འཕེལ་ཆེད་དུ་དངོས་བྱུང་ངམ་དམིགས་བསལ་བརྗོད་གཞི་གང་རུང་ཐོག་གློག་བརྙན་བཟོ་ཆེད་ཧིན་སྒོར་འབུམ་གསུམ་རེའི་མ་དངུལ་གནང་རྒྱུ་ཡིན།

གློག་བརྙན་གྱི་བརྗོད་གཞི།

༡།  བཙན་བྱོལ་ནང་གི་མང་གཙོ། ༢།  བོད་གཞིིས་བྱེས་གཉིས་ཀྱི་ཐུན་མོང་གི་མངོན་འདོད། ༣། ཕོ་མོ་འདྲ་མཉམ། བུད་མེད་ནུས་སྟོབས་གོང་སྤེལ་བཅས།
སྐད།  བོད་ཨིན་གང་རུང་ཐོག་མཆན་འགོད་ཅན་ཡིན་དགོས།
དུས་ཡུན།  སྐར་མ་བཅུ་ལས་མ་མང་བ།
ལས་གཞིའི་དམིགས་ཡུལ། བོད་མི་གློག་བརྙན་བཟོ་ལས་པ་ཚོར་ཆེ་མཐོང་དང་དཔལ་འབྱོར་རམ་འདེགས་ཞུ་རྒྱུ། གློག་བརྙན་བཟོ་སྐྲུན་གྱི་ཆེད་ལས་ཐོག་དོ་དབྱིངས་དང་སེམས་ཤུགས་སྤར་རྒྱུ། བོད་དོན་སྐོར་གྱི་གློག་བརྙན་གང་མང་ཐོན་ཐབས་བཅས་ཡིན།

ཕྱི་རྒྱལ་གནས་སྡོད་བོད་མི་ཚོ་ལའང་གོ་སྐབས་སྤྱི་མཚུངས་ཡོད། འོན་ཀྱང་ཉིན་གཉིས་རིང་རྡ་སར་རྒྱུས་སྟོན་དང་ཟབ་སྦྱོང་གཅིག་ལྕོགས་ཐོག་མཉམ་ཞུགས་གནང་ཆེད་ལམ་གྲོན་རྣམས་དོ་བདག་རང་ཉིད་ནས་སྦྱར་དགོས་པ་ལས་རྒྱ་གར་ནང་ཁུལ་གྱི་ལམ་གྲོན་རྣམས་ ཕྱི་དྲིལ་ལས་ཁུངས་ཀྱི་བོད་ཀྱི་བརྙན་འཕྲིན་ཚན་པས་སྦྱར་རྒྱུ་ཡིན།

འདེམས་སྒྲུག་བརྒྱུད་རིམ།

༡༽ ལས་གཞི་འདིའི་མ་དངུལ་ཞུ་འདོད་ཡོད་རིགས་རྣམས་ནས་གཤམ་འཁོད་ཞུ་སྙན་འགེངས་ཤོག་དང་། གོང་འཁོད་བརྗོད་གཞི་གང་རུང་ཐོག་གློག་བརྙན་བཟོ་འཆར་གྱི་གནད་དོན་སྙིང་བསྡུས་དང་བཅས་ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༥ འགྱངས་མེད་ཕྱི་དྲིལ་ལས་ཁུངས་ཀྱི་ཁ་བྱང་ཐོག་གློག་འཕྲིན་ནམ་སྦྲག་བརྒྱུད་ཕུལ་ཟིན་པ་དགོས།
༢༽ འདེམས་སྒྲུག་ཆེད་དོན་མི་སྣ་རྣམས་ཀྱིས་སྙན་ཞུ་རྣམས་བསྐྱར་ཞིབ་དང་འབྲེལ་དང་ཐོག་མི་འགྲོ་དགུ་འདེམས་རྒྱུ་ཡིན། དེ་དག་ལ་བཞུགས་སྒར་རྡ་རམ་ས་ལར་ཉིན་གཉིས་ཀྱི་རྒྱུས་སྟོན་སྦྱོང་བརྡར་གནང་རྒྱུ་དང་དེ་རྗེས་འབྲེལ་ཡོད་རྣམས་ནས་སོ་སོའི་གློག་བརྙན་གྱི་འགྲེལ་བརྗོད་དང་པར་ལེན་ཕྱོགས་སྒྲིག་གི་འཆར་གཞི་ཞིབ་ཕྲ་འབུལ་དགོས་པ་ཡིན།
༣༽ འདེམས་སྒྲུག་ཆེད་དོན་མི་སྣས་གློག་བརྙན་འགྲེལ་བརྗོད་དང་པར་ལེན་ཕྱོགས་སྒྲིག་གི་འཆར་གཞིར་བསྐྱར་ཞིབ་ཐོག་ནས་མཐའ་མའི་མི་འགྲོ་གསུམ་འདེམས་སྒྲུག་བྱ་རྒྱུ་ཡིན།

ཞུ་སྙན་འགེངས་ཤོག

མིང་།
ཕོ་མོ།
སྐྱེས་ཚེས།
དོ་བདག་གི་དང་བླངས་དཔྱ་དངུལ་གཙང་འབུལ་ཟིན་པའི་ངོས་སྦྱོར།
ཤེས་ཚད།
ཉམས་མྱོང་།
ལས་རིགས་ཐོག་ཤེས་མྱོང་ཡོད་པའི་མི་སྣ་གཅིག་ནས་འབྲེལ་སྦྱོར་རྒྱབ་གཉེར་ཡི་གེ
གློག་འཕྲིན་ཁ་བྱང་དང་ཁ་པར་ཨང་།

སྡེ་ཚན་ ༢ གློག་བརྙན་དང་འབྲེལ་བའི་སྐོར།

བརྗོད་གཞི་གང་གི་ཐོག་གློག་བརྙན་བཟོ་འཆར་ཡོད་པ།
བརྗོད་གཞི་དེ་ཉིད་བདམས་དགོས་དོན་གང་ཡིན།(ཡིག་འབྲུ་ ༡༥༠ ལས་མ་མང་བ།)
གློག་བརྙན་བཟོ་འཆར་གྱི་གནད་དོན་སྙིང་བསྡུས། (ཡིག་འབྲུ་ ༣༠༠ ལས་མ་མང་བ།)
གློག་བརྙན་འདིས་དགེ་ཕན་གང་ཞིག་བསྐྲུན་ཐུབ་བམ།(ཡིག་འབྲུ་ ༡༥༠ ལས་མ་མང་བ།)

ཞུ་སྙན་འབུལ་ཡུལ།
The Secretary
Department of Information & International Relation, CTA
P.O Dharamsala 176215, District Kangra, H.P
Email: diir@tibet.net, info@tibetonline.tv
Tel: +91-1892-222457, 222510
Fax: +91-1892-224957

Share with your friends










Submit