མདུན་ཤོག » གསར་གནས། » བོད་ནང་གི་ཛ་དྲག་གནས་ཚུལ། »

དགེ་འདུན་པ་འཇམ་དབྱངས་བློ་གསལ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བ།

Share with your friends










Submit

ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༢༢ རེས་གཟའ་ཟླ་བ།

༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༧ ཟླ་ ༥ ཚེས་ ༡༩ ཉིན་མདོ་སྨད་རྨ་ལྷོ་ཁུལ་གཅན་ཚ་རྫོང༌། གྱེར་སྟོང་དགོན་པའི་དགེ་འདུན་པ་དགུང་ལོ་ཉི་ཤུའི་ནང་ཡིན་པ་འཇམ་དབྱངས་བློ་གསལ་ལགས་ཀྱིས་གཅན་ཚ་རྫོང་ཐོག་ཏུ་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་འདུག རང་ལུས་མེར་སྲེག་གནང་རྗེས་ཁོང་གི་སྐུ་ཕུང་རྒྱ་གཞུང་ཉེན་རྟོག་པས་འཁྱེར་རྗེས་ཁོང་གི་སྤུན་ཉེ་སྐུ་ཕུང་ལེན་དུ་བསྐྱོད་ཡོད་འདུག་ཀྱང་ད་བར་རྩིས་སྤྲོད་བྱས་ཡོད་མི་འདུག

འཇམ་དབྱངས་བློ་གསལ་ལགས་ནི་གཅན་ཚ་རྫོང༌། སྣང་ར་གདོང་རྒྱ་སྡེ་བ་ནས་ཡིན་ཞིང༌། ཁོང་གི་ཕ་དེ་སྔ་ནས་འདས་གྲོངས་སུ་ཕྱིན་པ་དང༌། སྐྱེད་མ་ཡུལ་གཞན་དུ་མནའ་མར་ཕྱིན་རྗེས་ཁོང་སྣང་ར་ཡུལ་ཚོའི་གྱེར་སྟེང་དགོན་པའི་ནང་དུ་སློབ་གཉེར་གནང་སྟེ་བཞུགས་ཡོད་འདུག །

Share with your friends










Submit