ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༤ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་ཉིན་གྲངས་ལྔའི་རིང་སྡེ་ར་ལྡུན་དང་དེའི་ཉེ་འཁྲིས་སུ་ཡོད་པའི་བོད་མིའི་གཞིས་ཆགས་ཁག་གཅིག་ལ་འཚམས་གཟིགས་ལེགས་པར་གྲུབ་ཡོད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་ཐོན་མ་གནང་གོང་བོ
དེ་ནས་སྲིད་སྐྱོང་མཆོག་སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་ནས་ཧར་པར་པུར་གཏན་ཉིན་སློབ་གྲྭར་ཕེབས་ཏེ་དགེ་ལས་སློབ་ཕྲུག་དང་ཐུགས་འཕྲད་གནང་སྟེ། སློབ་ཕྲུག་ཚོར་སློབ་སྦྱོང་ལ་སྦྱང་བརྩོན་བྱེད་རྒྱུའི་གལ་གནད་སྐོར་ལམ་སྟོན་གནང་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་བོད་རྒྱ་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱལ་སྤྱིའི་སྟེང་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་དང་། དེ་བཞིན་སྲིད་སྐྱོང་མཆོག་གིས་སློབ་ཕྲུག་རྣམས་ལ་བོད་མིར་ཕ་མེས་ནས་རྒྱུད་པའི་རིག་གཞུང་ཕྱུག་པོ་ཡོད་པ་དྲན་གསོ་གནང་བ་དང་སྦྲགས། ང་ཚོ་བོད་མི་རྣམས་ཆབ་སྲིད་ཀྱི་གནས་འབབ་ཐོག་ནས་བཙན་བྱོལ་བ་ཡིན་ནའང་། མི་ཚེ་དོན་ཕན་ལྡན་པ་ཞིག་སྐྱེལ་རྒྱུར་མི་གཞན་དང་ནུས་པ་གཅིག་མཚུངས་ཡོད་པར་བརྟེན་ང་ཚོས་སྙིང་སྟོབས་ཞུམ་རྒྱུ་མེད་ཅེས་གསུངས་འདུག གཞན་ཡང་སྲིད་སྐྱོང་མཆོག་གིས་ང་ཚོ་བོད་མི་རྣམས་ནས་བོད་ཀྱི་ནང་ཆོས་བརྒྱུད་རྒྱ་གར་གྱི་གནའ་བོའི་ལེགས་བཤད་དེ་དག་མི་ཉམས་རྒྱུན་འཛིན་ཆེད་རླབས་ཆེན་གྱི་ཞབས་འདེགས་བསྒྲུབས་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་གྲུབ་མཚམས་སྲིད་སྐྱོང་མཆོག་གནམ་ཐང་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་ཐོན་གནང་ཡོད།
སྤྱིར་སྲིད་སྐྱོང་མཆོག་ཕྱི་ཟླ་ ༣ ཚེས་ ༣༠ ནས་སྡེ་ར་ལྡུན་ཁུལ་དུ་ཉིན་གྲངས་ལྔའི་རིང་གཞུང་དོན་ཕྱོགས་ཕེབས་དབུ་འཛུགས་གནང་ཡོད་ཅིང་། ཉིན་གྲངས་ལྔའི་རིང་སྲིད་སྐྱོང་མཆོག་གིས་འཁོན་རིགས་བསྟན་པའི་མངའ་བདག་སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་། དེ་བཞིན་བདེ་སྐྱིད་གླིང་བོད་མིའི་གཞིས་ཆགས་ཀྱི་ཚོགས་ཁང་གསར་པ་དབུ་འབྱེད་སོགས་གནང་ཡོད་པ་བཅས།།