མདུན་ཤོག » གསར་གནས། »

བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་མཆོག་རྡོ་རྫོང་རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་སྐབས་ཆེད་ཕེབས་གནང་བ།

༢༠༡༧ ཟླ་ ༤ ཚེས་ ༢༠ རེས་གཟའ་ཕུར་བུ།

༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གོ་པཱལ་པུར་ཁུལ་དུ་རྟེན་གཞི་བྱས་པའི་རྡོ་རྫོང་དགོན་ཐུབ་བསྟན་མདོ་སྔགས་རབ་རྒྱས་ཆོས་གླིང་དུ་དོན་བརྒྱུད་བསྟན་པའི་གསལ་བྱེད་སྐྱབས་རྗེ་གྲུབ་དབང་རྡོ་རྫོང་སྐུ་ཕྲེང་བརྒྱད་པ་ངག་དབང་ཡོན་ཏན་ཆོས་ཀྱི་ཉི་མ་མཆོག་གི་སྐུ་གདུང་ཞུགས་འབུལ་སྐབས་ངོ་ཕེབས་གནང་ཡོད། སྐབས་དེར་དཔལ་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་དབུས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཆོས་བརྒྱུད་སྤྱི་འཐུས་རྣམ་པ། གཞན་ཡང་མཁན་སྤྲུལ་སོགས་ཕེབས་ཡོད། བདེ་བར་གཤེགས་པ་སྐྱབས་རྗེ་གྲུབ་དབང་རྡོ་རྫོང་སྐུ་ཕྲེང་བརྒྱད་པ་མཆོག་ནི་ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༦ ཉིན་ཐེ་ཝན་དུ་དགོངས་པ་གཞན་དོན་དུ་གཤེགས་ཡོད། སྐབས་དེར་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་དེ་ག་དགོན་པའི་མཁན་སློབ་འདུས་མང་ལ་དཔལ་ལྡན་བཀའ་ཤག་གི་ཐུགས་གསོའི་གསུང་འཕྲིན་ཞིག་ཕུལ་ཡོད།།
Share with your friends










Submit