མདུན་ཤོག » གསར་གནས། »

བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་རྒྱ་གར་བྱང་ཤར་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བ།

༢༠༡༧ ཟླ་ ༤ ཚེས་ ༡༨ རེས་གཟའ་མིག་དམར།

༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༨ ནས་ཕྱི་ཟླ་ ༥ ཚེས་ ༣ བར་སྒང་ཏོག་དང་། ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས། ཀ་སྦུག ཨོཌ་ལ་པ་རི། ཇེ་སྒའུ། རྡོར་གླིང་། བསུ་ན་མདའ་བཀྲ་ཤིས་གླིང་བོད་མིའི་གཞིས་ཆགས་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་ཡིན་འདུག

དེ་ཡང་བཀའ་བློན་མཆོག་ཕྱི་ཚེས་ ༡༨ ཉིན་རྡ་ས་ནས་པ་ཀོར་བརྒྱུད་ལྡི་ལིར་ཕེབས་ཐོན་གྱིས་ཕྱི་ཚེས་ ༢༠ དང་ ༢༡ ཉིན་རྡོར་གླིང་ཁུལ་གྱི་བོད་མི་རྣམས་དང་མཇལ་འཕྲད་ཀྱིས་མང་ཚོགས་ལ་གསུང་བཤད་གནང་རྒྱུ་དང་། ཕྱི་ཚེས་ ༢༢ ནས་ ༢༤ བར་ར་ཝང་ལ་ཀུན་ཕན་གླིང་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་དང་མི་མང་ལ་གསུང་བཤད། ཕྱི་ཚེས་ ༢༥ ནས་ ༢༧ བར་ཀ་སྦུག་དང་ཨོཌ་ལ་པ་རི། ཇེ་སྒའུ་ཁུལ་གྱི་བོད་མི་མང་ཚོགས་ལ་གསུང་བཤད་གནང་རྒྱུ། ཕྱི་ཚེས་ ༢༨ དང་ ༢༩ ཉིན་རྡོར་གླིང་ཁུལ་དུ་འཚམས་གཟིགས་དང་མི་མང་ལ་གསུང་བཤད།

ཕྱི་ཚེས་ ༣༠ ཉིན་བསུ་ན་མདའ་བཀྲ་ཤིས་གླིང་བོད་མིའི་གཞིས་ཆགས་སུ་འཚམས་གཟིགས་དང་གོང་གསལ་ས་གནས་ཁག་གི་ས་གནས་འགོ་འཛིན་གྱིས་གཙོས་ལས་ཀྱི་སྣེ་མོ་བ། མི་མང་བཅས་དང་ལྷན་བཞུགས་མོལ་ཚོགས་འདུ་ཚོགས་རྗེས་ཕྱི་ཟླ་ ༥ ཚེས་ ༡ ཉིན་བསུ་ན་མདའ་ནས་ཕེབས་ཐོན་གྱིས་ཕྱི་ཚེས་ ༣ ཉིན་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག་པ་བཅས།།

Share with your friends










Submit