མདུན་ཤོག » གསར་གནས། »

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་ཉི་ཧོང་ལ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།

Share with your friends










Submit

༢༠༡༧ ཟླ་ ༤ ཚེས་ ༢༠ རེས་གཟའ་ཕུར་བུ།

༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་རྣམ་པ་ཕྱི་ནང་ཡུལ་གྲུ་ཁག་ཏུ་བོད་དོན་ཐོག་རྒྱབ་སྐྱོར་དང་། ཞུ་གཏུག་གི་ཆེད་ཕྱོགས་ཕེབས་གནང་རྒྱུའི་ལམ་སྲོལ་ཡོད་པ་བཞིན་ད་ལམ་སྐབས་ ༡༦ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་གསུམ་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༢༢ ནས་ ༢༩ བར་ཉི་ཧོང་བོད་ཀྱི་དོན་གཅོད་ཁང་གི་གོ་སྒྲིག་འོག་ཉི་ཧོང་དུ་གཞུང་འབྲེལ་ཕྱོགས་ཕེབས་ཐེངས་དང་པོ་གནང་གཏན་འཁེལ་ཡོད།

དེ་ཡང་འདི་ཟླའི་ཕྱི་ཚེས་ ༢༠ ཉིན་སྤྱི་འཐུས་རྣམ་པ་རྡ་ས་ནས་ཕེབས་ཐོན་དང་། ཕྱི་ཚེས་ ༢༢ ཉིན་ལྡི་ལི་ནས་ཕེབས་ཐོན་གྱིས་ཉི་ཧོང་ལ་འབྱོར་འཕྲལ། དེ་གར་གནད་ཡོད་མི་སྣ་ཁག་མཇལ་འཕྲད་གནང་རྒྱུ་དང་། བོད་ཀྱི་གནད་དོན་འབྲེལ་ཡོད་རྣམས་ལ་ཞུ་གཏུག་གནང་རྒྱུ་ཡིན་འདུག་པ་བཅས།།

Share with your friends










Submit