མདུན་ཤོག » གསར་གནས། »

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ ༢༢ དབུ་འཛུགས་གནང་བ།

༢༠༡༧ ཟླ་ ༤ ཚེས་ ༢༠ རེས་གཟའ་ཕུར་བུ།

སྐྱབས་མགོན་གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་མཛད་སྒོར་ཆེད་ཕེབས་གནང་བཞིན་པ།

༄༅། །འདི་གར་བོད་ཀྱི་ཟློས་གར་ཚོགས་པ་ནས་བཏང་གནས་ནང་འཁོད་དོན། བོད་རྒྱལ་ལོ་ ༢༡༤༤ ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༩ ལྷག་དཀར་ཉིན་རྒྱ་གར་བྱང་ཕྱོགས་སྡེ་ར་ལྡུན་བོད་མིའི་གཞིས་ཆགས་སུ་བོད་ཀྱི་ཞོ་སྟོན་རྒྱས་པ་བྱེས་སུ་སྲུང་བརྩི་ཞུས་ཏེ་མི་ལོ་ ༢༢ འཁོར་བའི་དབུ་འབྱེད་མཛད་སྒོ་ཚོགས་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་ནོར་གླིང་སྐྱེད་མོས་ཚལ་དུ་སྐུ་མགྲོན་གཙོ་བོ་འཁོན་རིགས་བསྟན་པའི་མངའ་བདག་སྐྱབས་མགོན་གོང་མ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེ་མཆོག་ཞབས་སོར་འཁོད་འཕྲལ། བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་པ་རྣམས་ནས་ཕེབས་བསུའི་སྙན་འཇེབས་ལྡན་པའི་གླུ་དབྱངས་ཕུལ་བཞིན་པའི་ངང་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དཔེ་ཟུར་དབང་འདུས་ཚེ་རིང་ལགས་དང་། སྡེ་ར་ལྡུན་ས་གནས་འགོ་འཛིན། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། ས་གནས་རང་བདེན་ཚོགས་གཙོ། ས་གནས་གཞོན་ནུའི་ཚོགས་གཙོ། ས་གནས་བུད་མེད་ཀྱི་ཚོགས་གཙོ། ས་གནས་ལྷ་མོའི་ཚོགས་པ་ཁག་བཅུ་བཅས་ནས་གུས་བསུ་གཟབ་རྒྱས་ཞུས་རྗེས་བཞུགས་ཁྲིར་འཁོད་བསྟུན། བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གྱིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས། བོད་ཀྱི་ལྷ་མོ་སྲོལ་གཏོད་པ་གྲུབ་དབང་ཐང་སྟོང་རྒྱལ་པོའི་སྐུ་བརྙན་དོ་རྭའི་ནང་གདན་འདྲེན་ཞུས་མཚམས། མཛད་སྒོའི་ཐོག་མར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དང་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་སྐར་མ་གཅིག་ཞུས་ཤིང་། དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་གྱིས་དུས་སྟོན་ངོ་སྤྲོད་གསུང་བཤད་གནང་། སྐུ་མགྲོན་གཙོ་བོ་མཆོག་གིས་གསུང་བཤད་གནང་། དབུ་འབྱེད་མཛད་སྒོར་བོད

སྒྱུ་རྩལ་པ་རྣམས་ནས་སྙན་འཇེབས་ལྡན་པའི་སྲོལ་རྒྱུན་གླུ་དབྱངས་བླངས་ཏེ་ཕེབས་བསུ་བཞིན་པ།

་ཀྱི་ཟློས་གར་ཚོགས་པས་གཙོས་ས་གནས་ལྷ་མོ་ཚོགས་པ་ཁག་ནས་གཟིགས་ཕུད་སྐར་མ་ ༣༠ རེ་འབུལ་ལམ་ཞུས་པར། དེར་འདུས་མང་ཚོགས་ནས་ཧ་ཅང་དགའ་མོས་གནང་བ་མ་ཟད། དཔལ་ལྡན་སྒྲོལ་མ་ཕོ་བྲང་། ས་གནས་འགོ་འཛིན་ལས་ཁུངས། བདེ་སྐྱིད་གླིང་སྤྱི་བརྒྱ་ལས་ཁུངས་ནས་ལྷ་མོ་བ་ཡོངས་ལ་རྟེན་འབྱུང་མགུལ་དར་བསྒྲོན་ཏེ་ཞོ་སྟོན་དབུ་འབྱེད་མཛད་སྒོ་ལེགས་གྲུབ་བྱུང་ཡོད།

གཞི་རྩའི་དུས་རབས་བཅུ་བཞི་པའི་ནང་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་མཆོག་ནས་གསར་གཏོད་མཛད་པའི་ལྷ་མོའི་སྒྱུ་རྩལ་གྱི་འཁྲབ་འཁྱེར་མི་འདྲ་བ་སྐྱོར་མོ་ལུང་པ། གཅུང་རི་བོ་ཆེ་བ། རིན་སྤུངས་རྒྱལ་མཁར་བ། ཤངས་གྲམ་བཀྲ་ཤིས་རྩེ། རྨེ་རུ་སྤོང་སངས་བཅས་ཀྱི་ལྷ་གཞུང་ཡོངས་སུ་གྲགས་པ་རྣམས་བོད་ས་ཡོངས་ཀྱི་ས་གནས་ཕལ་ཆེ་བའི་ནང་དགའ་དད་སྤྲོ་གསུམ་གྱི་ངང་ནས་འཁྲབ་སྟོན་ཞུས་དང་ཞུ་བཞིན་པ་ལགས་ནའང་། དུས་འགྱུར་བྱུང་རྗེས་ཕྱི་ལོ་ ༡༩༥༩ ལོར་བོད་ས་རང་དུ་འཁྲབ་སྟོན་མཐའ་མ་དེ་ཆགས་ཡོད། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་མི་འབུམ་ལ་ཉེ་བ་བཙན་བྱོལ་དུ་གྱར་དགོས་བྱུང་ཡང་། གཙོ་བོ་མགོན་པོ་གང་ཉིད་ཀྱི་ཐུགས་རྗེ་བཀའ་དྲིན་ཁོ་ན་ལ་བརྟེན་ནས། ཕྱི་ལོ་ ༡༩༥༩ ལོར་བོད་ཀྱི་ཟློས་གར་ཚོགས་པ་གསར་འཛུགས་བཀའ་དྲིན་ཆེ་བསྟུན་ལྷ་མོའི་སྒྱུ་རྩལ་སླར་གསོ་ཞུས་ཏེ། ཕྱི་ལོ་ ༡༩༩༣ ལོར་དབུས་ས་གཉིས་ངོས་ནས་བཙན་བྱོལ་དུ་བོད་ཀྱི་ཞོ་སྟོན་ཡང་སྲུང་བརྩི་ཞུ་འགོ་ཚུགས་ཡོད་པ་བཅས།།

ས་གནས་ལྷ་མོ་ཚོགས་པ་ཁག་ནས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུ་ཞུ་བཞིན་པ།