མདུན་ཤོག » གསར་གནས། »

བདེ་སྲུང་བཀའ་བློན་མཆོག་ཧི་མཱ་ཅལ་མངའ་སྡེའི་སིར་མུར་རྫོང་ཁོངས་དང་། ཨུ་ཏྟར་ཁཎྜ་སྡེ་ར་ལྡུན་ས་གནས་འགོ་འཛིན་ཁྱབ་ཁོངས་གཞིས་སྒར་ཁག་ལ་འཚམས་གཟིགས་ལེགས་པར་གྲུབ་པ།

Share with your friends










Submit

༢༠༡༧ ཟླ་ ༤ ཚེས་ ༡༩ རེས་གཟའ་ལྷག་པ།

ཀེ་ལེ་མིན་ཊོན།

༄༅། །འདི་གར་བདེ་སྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་བླ་བྲང་འཕགས་པ་ཚེ་རིང་མཆོག་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༠ ནས་ ༡༨ བར་ཧི་མཱ་ཅལ་མངའ་སྡེའི་སིར་མུར་རྫོང་ཁོངས་སྤོན་ཌ་ཆོལ་གསུམ་དང་།

བ་ལུ་ཝ་ལ།

ས་ཌོན་ཁམས་ཀཿཐོག ཀུམ་རའོ་སྒ་བ། ས་གཞིས་སྤུ་རུ་ཝ་ལ། ཨུཏྟར་ཁཎྜ་མངའ་ཁོངས་ཧར་པ་པུར། ལ་ཁན་ཝ་ལ། སེ་ལ་ཁུལ་བོད་ཁྱིམ་སློབ་གྲྭ། ཁེ་ར། བ་ལུ་ཝ་ལ། མ་སུ་རི་བོད་ཁྱིམ་དང་གཏན་སློབ། རཇ་པུར་བོད་མིའི་བཟོ་གྲྭ། ནེ་ནི་ཏལ།

མ་སུ་རི་བོད་ཁྱིམ་སློབ་གྲྭ

སྒོ་ར་མ་ཕི་བོད་ཁྱིམ་བཅས་སུ་འཚམས་གཟིགས་སྐབས་ས་གནས་ོས་ོསོའི་ས་གནས་འགོ་འཛིན་དང་། ཚོགས་པའི་དྲུང་ཆེ་དང་ཚོགས་གཙོ། ས་གནས་འཐུས་ཚོགས་ཚོགས་གཙོ། ས་གནས་རང་བདེན་ཚོགས་ཚུང་།

གླིང་ཚང་གཞིས་ཆགས།

ས་གནས་གཞོན་ནུ་དང་བུད་མེད་བཅས་ཀྱི་ཚོགས་གཙོ་དང་མི་མང་བཅས་ནས་ཕེབས་བསུ་དང་ཁུལ་དེའི་མི་མང་ལ་བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་བྱུས་དང་། ལྔ་དང་ལྔ་བཅུ། ༧རྒྱལ་བའི་སྐུ་ཕྱྭ། དབུ་མའི་ལམ་གྱི་སྲིད་བྱུས། བོད་རྒྱ་ཞི་མོལ།

ནེ་ནི་ཏཱལ།

བོད་ནང་གི་ཛ་དྲག་གནས་སྟངས། ཤེས་རིག་སློབ་ཡོན། བོད་མི་སུད་ཚོང་བར་སྐྱེད་ཆུང་བུན་གཡར་སོགས་ཀྱི་སྐོར་གསུང་བཤད་དང་བཀའ་དྲི་ལན་འདེབས་གསལ་བཤད་བཅས་འཚམས་གཟིགས་ལེགས་པར་གྲུབ་ནས་ཕྱི་ཚེས་ ༡༨ ཉིན་བཞུགས་སྒར་དུ་ཕེབས་གནང་ཡོད་པ་བཅས།།

 

སེ་ལ་ཁུལ་བོད་ཁྱིམ་སློབ་གྲྭ

རཱཇ་པུར་གཞིས་ཆགས།

ཚེ་རིང་དོན་ལྡན་གཞིས་ཆགས།

Share with your friends










Submit