མདུན་ཤོག » གསར་གནས། » གསལ་བསྒྲགས། » སྤྱི་ཡོངས་གསལ་བསྒྲགས། »

ཕྱི་ལོ་ ༢༠༡༧ ལོའི་ཤེས་རིག་མཐོ་སློབ་སློབ་ཡོན་དང་ས་མིག་གསལ་བསྒྲགས།

Share with your friends










Submit

༢༠༡༧ ཟླ་ ༤ ཚེས་ ༣ རེས་གཟའ་ཟླ་བ།

༄༅། །ཤེས་རིག་ལས་ཁུངས་ཀྱི་སློབ་ཡོན་འདི་ཐོབ་ཐང་ཞིག་མིན་པར་རོགས་སྐྱོར་ཚུལ་དུ་སྦྱར་བ་ཞིག་པར་སོང་། དེ་དོན་སློབ་ཕྲུག་སྙན་འབུལ་བ་ཡོངས་ནས་དགོངས་བཞེས་དགོས་པ་ཞིག་ལ་སོ་སོའི་ནང་མི་དཔལ་འབྱོར་གནས་བབས་འགྲིག་ངེས་ཡོད་རིགས་རྣམས་ནས་སློབ་ཡོན་ཞུ་མ་དགོས་པ་གཙོ་འདོན་གནང་ཐབས་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།

ཨང་། སློབ་ཚན། ས་མིག་གྲངས། འབྲེལ་ཡོད་མཐོ་སློབ་ཏུ་ཚུད་པར་ཉུང་མཐའི་བརྒྱ་ཆ་དགོས་པ། སློབ་ཡོན་ཐོབ་པར་ཉུང་མཐའ་བརྒྱ་ཆ་དགོས་པ།
དང་པོ། ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་ཚན་ཆེད་ཟུར་བཅད་ས་མིག (RESERVED SEATS IN DEGREE COURSES)
1 Medical seats   (MBBS)                 including two HP seats 3 (three) 60% in class XII & 60% in PCB 60%
2 Civil Engineering 2 (two) 50% in class XII & 50% in PCM 60%
3 Mechanical Engineering 1 (one) 50% in class XII & 50% in PCM 60%
4 Chemical Engineering 1 (one) 50% in class XII & 50% in PCM 60%
5 Computer Engineering 2 (two) 50% in class XII & 50% in PCM 60%
6 Electrical Engineering 1 (one) 45% in class XII & 45% in PCM 60%
7 B. Pharmacy 1 (one) 45% in PCB/M (Theory) of class XII 60%
Total 11
Note: 1) All Candidates who wishes to apply for reserve seat of MBBS (3 seats) & Engineering (7 seats) must submit your scan copy of DoE Application Form & Admit Card on or before May 31, 2017 to doe.lobyon@tibet.net and scholarship@tibet.net. You must also send a hard copy of DoE Application form, Admit Card, Class X Marks card, Demand draft of Rs. 200 (Registration fee) on or before June 15, 2017 by post. All late application would fail to receive Scholarship.
གཉིས་པ། ཌིབ་ལོ་མའི་ཟུར་བཅད་ས་མིག (RESERVED SEATS IN DIPLOMA COURSES)
1 D. Pharmacy 1 (one) 45% in class XII PCB/M 55%
2 Chemical Engineering 1 (one) 45% in class XII PCB/M 55%
3 Electrical Engineering 1 (one) 45% in class XII PCB/M 55%
4 Printing Engineering 2 (two) 40% in class XII 55%
Total 5
གསུམ་པ། ཤེས་ཡོན་རིག་པའི་ཟུར་བཅད་ས་མིག་ (RESERVED SEATS IN REGIONAL INSTITUTE OF EDUCATION)
1 B.Sc. B.Ed. 4 (four) 60% in class XII PCM/B 60%
Total 4
Total Reserve Seats 20

བཞི་པ། ཉམས་ཞིབ་དང་། ཁྱད་མཁས། ཆེད་ལས་སློབ་ཚན་ཁག་གི་སློབ་ཡོན་གཤམ་གསལ།
(Research, Specialized & Professional Courses)

ཨང་། སློབ་ཚན། ས་མིག་གྲངས། སློབ་ཡོན་ཐོབ་པར་ཉུང་མཐའི་བརྒྱ་ཆ་དགོས་པ།
1 Ph.D. 10 Letter of Acceptance from recognized University
2 M.Phil. 10 Letter of Acceptance from recognized University
3 M.Sc. 20 55% in Bachelor (Science)
4 M.B.A/PGDM 10 60% in Bachelor (CAT/MAT/XAT score preferred)
5 M.C.A (Master of Computer Application) 5 55% in BCA/ B.Sc. (Comp Science)/B.Com (Comp)
6 M.P.T (Master of Physiotherapy) 5 55% in Bachelor (B.P.T)
7 M.D.S (Master of Dental Surgery) 2 60% in Bachelor (B.D.S)
8 M.D/M.S 3 60% in Bachelor (M.B.B.S) (50% AIPGMEE preferred)
9 M.Ed. (2 reserve for Guidance & Counsel) 5 50% in B.Ed.
10 M. Pharmacy 4 60% in B. Pharmacy (GPAT score preferred)
11 M.Sc. MLT (Medical Laboratory Technology) 2 60% in Bachelor (B.Sc. M.L.T)
12 M.S.W (Master of Social Work) 2 55% in Bachelor
13 L.L.M/L.L.B 2 55% in Bachelor (L.L.B/Any Bachelor)
14 P.G Counseling & Guidance 5 50% in Master (2 reserved for women)
15 P.G Journalism/Mass Communication 3 50% in Bachelor
16 CA / Cost & Work Accountancy 3 60 % in Class XII / 50% in Bachelor
17 M.A 25 55% in Bachelor (B.A)
18 M.Com 20 55% in Bachelor (B.Com)
19 B.Ed. 20 55% in Bachelor (last year 50%)
20 Bachelor of Library Science & Information 5 55% in Bachelor
21 Post B.Sc. Nursing 5 General Nursing and Midwife (Diploma)
22 M. Tech. 3 55% in B/Tech or Equivalent (new addition)
23 Others (Master & PG Diploma) 5 55% in Bachelor
24 B. Elementary Education (B. El .Ed) 3 55% in class XII via entrance test (for women)
25 M.B.B.S 5 60% in Class XII PCB
26 Engineering 6 60% in class XII PCM
27 Bachelor of Architecture 2 60% in class XII with PCM (40% score NATA preferred)
28 B.Sc. B.Ed. 2 60% in class XII science
29 B.Sc. Honor 10 55% in Class XII Science
30 B.Sc. Honor in Agriculture, Computer Science, Respiratory Theory, MLT, Biotech, IT & Other 15 55% in class XII Science
31 B.C.A (Bachelor of Computer Application) 7 55% in class XII
32 B.P.T (Bachelor of Physiotherapy) 5 60% in class XII with PCB
33 B.D.S (Bachelor of Dental Surgery) 5 60% in class XII with PCB
34 B.Sc. (Nursing) 7 60% in class XII Science (4 reserved for women)
35 Bachelor of Pharmacy 2 60% in class XII science
36 Bachelor of Veterinary Service (BVS) 2 60% in class XII with PCB
37 B.A L.L.B (Bachelor of Laws) 5 55% in class XII (CLAT score preferred)
38 B.A. Honor 10 60% in class XII Arts
39 B.A Hon in Psychology, Foreign language & others) 10 60% in class XII Arts
40 B.P Ed (Bachelor of Physical Education) 5 55%in class XII (2 reserved for women)
41 B.B.A / B.B.M / B.B.S / F.M.M 10 55% in class XII
42 B.H.M (Bachelor of Hotel Management) 10 55%in class XII
43 B.Com (Hon) 10 60% in class XII Commerce with Math
44 Bachelor of Fine Arts 2 60% in class XII
45 B.S.W (Bachelor of Social Work) 2 55% in class XII
46 Bachelor (Others) 5 60% in class XII
Total 314

 

ལྔ་པ། སྤྱིར་བཏང་སློབ་ཚན། (General Courses)

1 B.A (General) 20 60% in XII Arts & 65% in Vocational
2 B.Sc. (General) 20 55% in class XII Science
3 B.Com (General) 20 60% in XII Commerce & 65% in Vocational
4 Any other Bachelor Degree (General) 5 60% in Class XII
Total 65

 

དྲུག་པ། ལས་རིགས་སྦྱོང་བརྡར་སློབ་ཚན། (Vocational Courses)

1 1) Front Office/ Housekeeping/Food Production & Beverages,Cookery,Craft                                                                                                    2) Travel, Tourism & Ticketing
3) Office Management/Secretarial Practices
4) Hotel Management
5) Beautician
6) Stock Market
7) Airhostess/Flight Steward/Make-up Artist & Other
22 55% in class XII (5 reserved for women)
Note: The course should be minimum of 6 months to 1 year

 བདུན་པ། ཌིབ་ལོ་མའི་སློབ་ཚན། (Diploma Courses) – Course should be minimum of 9 months

1 Web Designing / Multi Media / Animation 5 55% in class XII
2 Graphic Designing 5 55% in class XII
3 General Nursing 15 55% in class XII
4 Fine / Commercial Arts 2 55% in class XII
5 Medical Laboratory Technology (MLT) 2 55% in class XII Science
6 Dental Hygienist 2 55% in class XII
7 Dental Mechanist 2 55% in class XII
8 Photography/Film Making 2 55% in class XII
9 Others 5 55% in class XII
Total 40

བརྒྱད་པ། བོད་ཀྱི་སྲོལ་རྒྱུན་བཟོ་རིག་ (Tibetan Arts & Crafts) ཁོངས་ལྷ་བྲིས་དང་། རྐོས་རིས། ཤིང་བཟོ། འཚེམ་བཟོ། སྣུམ་ཚོན་རི་མོ། ཐང་ག་འཚེམ་དྲུབ་བཅས་ཐོག་སློབ་ཡོན་གྲངས་ ༡༠ ཡོད། སློབ་གཉེར་བ་འདི་རིགས་ནས་ནོར་གླིང་མཐོ་སློབ་དང་། པཏ་ལི་ཀུལ་བོད་ཁྱིམ། མ་སུ་རི་བོད་ཁྱིམ་ལག་ཤེས་ཁང་། ཋྭར་ཎྭ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་། བལ་ཡུལ་སྤོག་ར་ལག་ཤེས་ཁང་བཅས་ནང་སློབ་འཇུག་བྱེད་པ་ཞིག་དགོས།

དགུ་པ། བོད་ཀྱི་མཐོ་རིམ་རིག་གནས་སློབ་སྦྱོང་།
བོད་ཀྱི་མཐོ་རིམ་རིག་གནས་ཐོག་སློབ་གཉེར་གནང་འདོད་ཡོད་རིགས་ནས་ས་རྭ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་ནས་གསལ་བསྒྲགས་སྤེལ་མཚམས་སུ་སློབ་གཉེར་ཁང་དུ་ཐད་ཀར་འབྲེལ་བ་གནང་རྒྱུ།
1.College for Higher Tibetan Studies, Sarah 20 Seats (15 for Bachelor and 5 for Master)

བཅུ་པ། བལ་ཡུལ་ཟུར་བཅད་མཐོ་རིམ་སློབ་ཡོན།
1. Colleges in Nepal for Tibetans 15 Seats (Bachelor’s Degree)
ཟུར་བརྗོད། གོང་གསལ་མ་ཡིན་པས་བལ་ཡུལ་ཁྱབ་ཁོངས་བོད་པའི་སློབ་ཕྲུག་རྒྱ་གར་སློབ་གྲྭ་ནས་འཛིན་རིམ་བཅིུས་ཐོན་རྗེས་རྒྱ་གར་ནང་མཐོ་སློབ་གང་དུའང་སློབ་སྦྱོང་བྱེད་པར། ཤེས་རིག་ལས་ཁུངས་ཀྱི་སྤྱི་ཡོངས་སློབ་ཡོན་གང་གི་ཐོག་ཏུའང་འཚང་སྙན་འབུལ་ཆོག དེ་བཞིན་གཙུག་ལག་རབ་འབྱམས་པའི་སློབ་ཡོན་ཡང་རྒྱ་གར་ནང་ཡོད་པའི་སློབ་ཕྲུག་སྤྱི་མཚུངས་ལྟར་ཐོབ་ཐང་ཡོད།

བཅུ་གཅིག གསོ་བ་རིག་པ་ (Sowa Rigpa) སློབ་སྦྱོང་།
འཛིན་རིམ་བཅུ་གཉིས་ནང་ཉུང་མཐའི་བརྒྱ་ཆ་ ༦༠ ལོན་ཞིང། བོད་ཀྱི་གསོ་བ་རིག་པའི་ལྷན་ཚོགས་ཀྱི་ངོས་འཛིན་ཡོད་པའི་མཐོ་རིམ་སློབ་གྲྭའི་ནང་གསོ་རིག་སློབ་ཡོན་གྲངས་ ༨ ཡོད།

བཅུ་གཉིས། འཚང་སྙན་འགེངས་ཤོག་མཉམ་དགོས་ངེས་ཆ་རྐྱེན།
༡། ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་ཡོན་ཞུ་མཁན་ཚོས་འཛིན་རིམ་བཅུ་པའི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག་དང་བཅས་པ་ ༢༠༡༧།༦།༡༥ ནང་ཚུད་ངེས་པར་འབུལ་དགོས། (Marks Card)
༢། གཙུག་ལག་རབ་འབྱམས་པའི་སློབ་ཚན་ཁོངས་སུ་འཚང་སྙན་འབུལ་མི་ཞིག་ཡིན་ན་འཚང་སྙན་མཉམ་སོ་སོའི་ཉེ་བའི་གཙུག་ལག་རབ་འབྱམས་པའི་ (Bachelor) ལོ་རིམ་དང་པོ་ནས་མཐའ་མའི་བར་གྱི་ཡིག་རྒྱུགས་ཨང་ཤོག་བཅས་དགོས་མཁོའི་ཡིག་ཆ་ཁག་གསལ་བསྒྲགས་ནང་གསལ་ལྟར་ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༣༡ འགྱངས་མེད་ཤེས་རིག་ལས་ཁུངས་སུ་འབྱོར་བ་འབུལ་དགོས།
༣། ཤེས་རིག་ལས་ཁུངས་ནས་བུམ་སྐྱོན་གསུམ་བྲལ་གྱི་བྱ་དགའ་འཐོབ་མཁན་ (Best Boy or Girl Award) དང་། དབང་པོ་སྐྱོན་ཅན། དྭང་སློབ་དམག་སྦྱོང་ནང་ལོ་གཉིས་ཞབས་ཞུས་ཟིན་མཁན་བཅས་ལ་སྒྲིག་དོན་ལྟར་ཁ་སྣོན་བརྒྱ་ཆ་འཐོབ་ཐབས་ཆེད་ལག་འཁྱེར་ངོ་བཤུས་འབུལ་དགོས།

བཅུ་གསུམ། ཐུགས་སྣང་དགོས་པའི་གནད་དོན་གཞན་ཁག
༡། དོ་བདག་དང་ཕ་མའི་དང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༦ བར་གཙང་ཕུལ་ཟིན་པ་དང་། རྒྱ་གར་ནང་སྐྱབས་བཅོལ་ལག་དེབ་ཁྲིམས་མཐུན་དུས་འགྱངས་ཡོད་པ་བཅས་ཀྱི་དན་རྟགས་སུ་འབྲེལ་ཡོད་ས་གནས་འགོ་འཛིན་ནས་འགེངས་ཤོག་ནང་དག་མཆན་བཀོད་པས་འཐུས་པ་ལས་ཡིག་ཆའི་ངོ་བཤུས་ཤེས་རིག་ལས་ཁུངས་སུ་འབུལ་མི་དགོས།
༢། འཛིན་རིམ་བཅུ་པའམ་བཅུ་གཉིས་གང་རུང་ནང་བོད་ཀྱི་སྐད་ཡིག་ཐོག་སློབ་སྦྱོང་བྱས་མེད་པ་རྣམས་ནས་སློབ་ཡོན་འགེངས་ཤོག་འབུལ་འཐུས་ཀྱང། འཛིན་རིམ་བཅུ་པའི་ཚད་མཉམ་བོད་ཡིག་ཡིག་རྒྱུགས་འདི་ག་ཤེས་རིག་ལས་ཁུངས་སམ། ས་གནས་འགོ་འཛིན་སོ་སོའི་ལས་ཁུངས་སུ་གོ་སྒྲིག་ཞུ་རྒྱུ་དང་ཉུང་མཐར་བརྒྱ་ཆ་ ༣༣ ལོན་དགོས་རྒྱུ། (གཙུག་ལག་རབ་འབྱམས་པའི་སློབ་ཡོན་ཐོག་འཚང་སྙན་འབུལ་མཁན་རྣམས་ལ་འབྲེལ་བ་མེད།)
༣། ཕྱི་ལོ་ ༢༠༡༧ ལོའི་འཛིན་རིམ་བཅུ་གཉིས་དང་ཉེ་བའི་གཙུག་ལག་རབ་འབྱམས་པའི་ཡིག་རྒྱུགས་བརྒྱ་ཆ་ ༧༥ ལོན་པ་རྣམས་ལུགས་མཐུན་འཚང་སྙན་ཕུལ་རིགས་ལ་མཐོ་སློབ་སློབ་ཡོན་གནང་རྒྱུ། ༼སྒྲིག་གཞི་ནང་གསལ་དམིགས་བསལ་བརྒྱ་ཆ་ཁག་
དོན་ཚན་འདི་ཁོངས་སུ་བརྩི་རྒྱུ་མིན།༽
༤། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཉམ་ཐག་ཨང་རྟགས་’ག་’པ་ཅན་གྱི་ཁྱིམ་ཚང་བུ་ཕྲུག་ཚོ་ལ་སྒྲིག་དོན་ལྟར་སློབ་ཡོན་ཚད་གཞི་དམིགས་བསལ་གཏན་འབེབས་ཡོད་ཁར། ལོ་རིམ་དང་པོར་ལམ་གྲོན་གྱི་ཚུལ་ཏུ་སློབ་ཡོན་འཕར་མ་སྒོར་ ༥༠༠༠།༠༠ གནང་རྒྱུ་ཡིན་ཅིང་འགེངས་ཤོག་ནང་ཉམ་ཐག་ཨང་ངེས་པར་འགོད་དགོས།
༥། འདི་ག་ལས་ཁུངས་ནས་མཐོ་སློབ་སློབ་ཡོན་ཁོངས་འཛིན་རིམ་བཅུ་གཉིས་གསར་ཐོན་རྣམས་ལ་གོ་སྐབས་དང་པོ་དང་། སློབ་ཡོན་ལྷག་རིགས་བྱུང་ན་དེ་སྔ་ཐོན་ཟིན་པའི་སློབ་གཉེར་བ་དོ་སྣང་ཡོད་རིགས་ལའང་གང་ཁྱབ་བགོ་འགྲེམས་ཞུ་རྒྱུ་ཡིན་ན་དེ་དོན་སྒྲིག་མཐུན་འཚང་སྙན་འབུལ་ཆོག་པ་ཡིན།
༦། སློབ་ཡོན་ཉིས་ལྡབ་ལེན་མི་ཆོག་ཀྱང་། རོགས་ཚོགས་དང་སྒེར་ཁག་ནས་སློབ་ཡོན་ཁ་སྣོན་ཞུས་ཐོབ་བྱུང་བའི་དན་རྟགས་ཁ་གསལ་ཕུལ་རིགས་ལ་དམིགས་བསལ་དགོངས་བཞེས་ཡོང་རྒྱུ་ཡིན།
༧། གོང་གསལ་སློབ་ཚན་ཁག་ལ་ཉུང་མཐའི་དགོས་ངེས་བརྒྱ་ཆ་གཏན་འབེབས་ཡོད་པ་ལྟར་མཐའ་མའི་འདེམས་སྒྲུག་སྐབས་ཡིག་རྒྱུགས་གྲུབ་འབྲས་ལ་གཞིགས་ཏེ་བརྒྱ་ཆ་རྩེ་བཏོག་གིས་སློབ་ཡོན་བགོ་འགྲེམས་བྱ་རྒྱུ་ཡིན།
༨། སློབ་ཡོན་གྱི་འཚང་སྙན་འགེངས་ཤོག་ཤེས་རིག་ལས་ཁུངས་ཀྱི་དྲ་ཚིགས་ནས་ཕབ་བཤུས་ཀྱིས་འབུལ་ནའང་འཐུས་རྒྱུ།
༩། འཚང་སྙན་འགེངས་ཤོག་ནང་རང་ཉིད་ཀྱི་འདོད་མོས་ཡོད་པའི་སློབ་ཚན་གཅིག་ལས་མང་བ་འབྲི་མི་ཆོག་པ་དང་། གང་བདམས་པའི་སློབ་ཚན་ཐོག་འབྲི་སུབ་གཏོང་མི་ཆོག (ཟུར་བཅད་སྨན་པའི་ས་མིག་ཐོག་འཚང་སྙན་འབུལ་མཁན་རྣམས་ནས་སློབ་ཚན་གཅིག་འཕར་མ་གདམ་ཆོག)
༡༠། སྡེ་ཚན་དང་པོ་ནས་གསུམ་པ་བར་གྱི་ཟུར་བཅད་སློབ་ཚན་དང་ས་མིག་གྲངས་ཚད་རྣམས་ལ་འགྱུར་བ་ཡོང་སྲིད།
༡༡། གོང་གི་ཟུར་བཅད་ཞབས་སྟེགས་ཐོབ་རིགས་རྣམས་ནས་སློབ་སྦྱོང་མཇུག་སྒྲིལ་མ་ཟིན་བར་བོད་མིའི་སྒྲིག་འཛུགས་སམ་སྒེར་ཁུངས་ཀྱི་ཕྱི་ནང་གཉིས་ཀྱི་སློབ་ཡོན་ཅི་འདྲ་ཞིག་གི་ནང་དུའང་འཛུལ་ཞུགས་མི་ཆོག
༡༢། འཚང་སྙན་འགེངས་ཤོག་མཉམ་དུ་སློབ་ཡོན་དེབ་སྐྱེལ་ཞུ་དོད་ཆེད་ཧིན་སྒོར་ ༢༠༠ ཤེས་རིག་ལས་ཁུངས་ཀྱི་དེབ་སྐྱེལ་ཚོགས་པའི་ Tibetan Children’s Educational and Welfare Fund (TCEWF) མཚན་ཐོག་ཌབ་འཛིན་བཟོས་ཏེ་འབུལ་དགོས།ཉམ་ཐག་ག་པ་ཅན་གྱི་སློབ་ཕྲུག་རྣམས་ནས་སྦྲག་གླ་འབུལ་དགོས་མེད།
༡༣། དུས་བཀག་གི་ཉིན་གྲངས་ ༡༤ སྔོན་ཚུད་འཚང་སྙན་ཕུལ་འབྱོར་བྱུང་བ་རྣམས་ལ་འདི་ནས་ཞིབ་འཇུག་གིས་དགོས་ངེས་ཡིག་ཆ་མ་ཚང་བའི་གནས་ཚུལ་ཡོད་ཚེ་བརྡ་ལན་གཏོང་རྒྱུ་ཡིན་ཡང་། ཆ་རྐྱེན་ཚང་མིན་གྱི་འགན་ཁུར་དོ་བདག་སོ་སོའི་འཁྱེར་དགོས།
༡༤། གོང་གསལ་ཡིག་ཆ་ཁག་གི་ངོ་བཤུས་ཐོག་ས་གནས་འགོ་འཛིན་ནམ། ཟུང་དྲུང་གནས་རིམ་ཡན་གྱི་སྲི་ཞུ་བ། ཡང་ན་ཤེས་རིག་ཁྱབ་ཁོངས་འཛིན་རིམ་བཅུ་པ་ཡན་གྱི་སློབ་གྲྭའི་སློབ་སྤྱིའམ་རེག་ཊར་སུ་རུང་གིས་ཞིབ་བཤེར་སོང་བའི་འགན་ལེན་དག་མཆན་ (Attestation) ངེས་པར་ཞུ་དགོས།
༡༥། ཕ་མ་བོད་ནང་ཡོད་པའམ། འདས་གྲོངས། ཁ་བྲལ། ཡང་ན་ཕ་མ་གཅིག་བོད་མི་མ་ཡིན་པ་ཡིན་ཚེ་འབྲེལ་ཆགས་ས་གནས་འགོ་འཛིན་ནམ་ཤེས་རིག་ཁྱབ་ཁོངས་མ་མཐར་འཛིན་རིམ་བཅུ་པ་བར་ཡོད་པའི་སློབ་གྲྭའི་སློབ་སྤྱི་དང་རེག་ཊར་སུ་རུང་ནས་དེ་མཚུངས་ངོས་སྦྱོར་ཞུ་འབུལ་དགོས་རྒྱུ།
༡༦། བལ་ཡུལ་དང་འབྲུག་ཁུལ་ནས་འཚང་སྙན་འབུལ་མི་དང་། ཀ་རྡོར་སྒང་གསུམ། རྒྱ་གར་བྱང་ཤར་མཐའ་མཚམས་ས་ཁུལ་ཁག་ཅིག་ཏུ་ཡོད་པའི་བོད་རིགས་འཁྲུལ་མེད་ཡིན་པ་གང་ཞིག་ལ་སྐྱབས་བཅོལ་ལག་དེབ་མེད་པའི་སྡེ་ཁག་ཅིག་ལ་དམིགས་བསལ་གཏོང་རྒྱུ་ཡིན་པའི་བོད་མི་སྐྱབས་བཅོལ་བའི་སྒྲིག་ཁོངས་ཡིན་པ་འབྲེལ་ཡོད་ས་གནས་འགོ་འཛིན་ནས་ངོས་སྦྱོར་འབུལ་དགོས།
༡༧། འཚང་སྙན་འགེངས་ཤོག་སྟེང་ས་གནས་འགོ་འཛིན་ནས་ཞིབ་འཇུག་ཟིན་པའི་དག་མཆན་མཚན་རྟགས་ངེས་པར་དུ་ཞུ་དགོས་པ་ཡིན། འཚང་སྙན་དང་དགོས་ངེས་ཡིག་ཆ་ཁག་དམ་དོན་གྱིས་གཤམ་གསལ་ཁ་བྱང་ཐོག་ངེས་འབུལ་ (ཉེ་བའི་གཙུག་ལག་རབ་འབྱམས་པ་ ༢༠༡༧།༦།༡༥ འགྱངས་མེད་དང་། གཙུག་ལག་རབ་འབྱམས་པ ༢༠༡༧།༨།༣༡ འགྱངས་མེད་བཅས།) དགོས་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༣ ལ།།

Secretary (DLT 2017)
Department of Education CTA
Gangchen Kyishong Dharamsala – 176 215
District – Kangra Himachal Pradesh

དྭོགས་འདྲི་ཞུ་ཡུལ།
༡། ངག་དབང་ཡོན་ཏན།
༢། ཚེ་རིང་ཆོས་འཛོམས།
༣། བློ་བཟང་དར་རྒྱས།
༤། བདེ་ཆེན་ཆོས་སྒྲོན།
༥། བསྟན་འཛིན་གཡུ་མཚོ།

Phone: +91-1892-226695, 222572, 222721
E-mail: doe.lobyon@tibet.net & scholarship@tibet.net
Website: www.sherig.org/en/
Facebook: www.facebook.com/doe.lobyon/

Share with your friends










Submit